博客西藏在最高处过一种生活

日志

༈ རྗེ་བཙུན་མི་ལས་བོད་ལ་བཀའ་བཀྱོན་གནང་པ། ...

已有 96 次阅读2019-6-10 11:35 |系统分类:信仰| 米拉日巴, 言教

༈ རྗེ་བཙུན་མི་ལས་བོད་ལ་བཀའ་བཀྱོན་གནང་པ།

༼࿄࿆༽རྗེ་མི་ལས་མཉམ་མེད་དྭགས་པོ་རིན་པོ་ཆེ་ལ།

 ཁྱོད་ལ་དབང་སྐུར་གྱི་བཀའ་ཡོད་དམ་གསུང་། དགེ་བཤེས་མར་ཡུལ་བ་བློ་ལྡན་ཤེས་རབ་ལ་གསང་འདུས་ཀྱི་དབང་རྫོགས་པར་ཞུས། དགྱེས་རྡོར་གྱི་གཉིས། བདག་མེད་མའི་གསུམ། ཇོ་བོ་རྗེའི་ལུགས་ཀྱི་བདེ་མཆོག་ལུ་ཧི་པའི་བཀའ། ཕག་མོ་རིན་ཆེན་རྒྱན་དྲུག་མའི་བྱིན་རླབས་སོགས། གཞན་ཡང་བླ་མ་མང་པོ་ལ་དབང་བསྐུར་དང་། བྱིན་རླབས་རིག་གཏད་ཀྱི་ཆོ་ག་མང་དུ་ཐོབ་ལགས། ང་ལ་ཞག་བཅུ་གསུམ་ཙམ་དུ་མི་འཆོར་བའི་ཏིང་ངེ་འཛིན་བཟང་པོ་ཡང་ཡོད་ལགས་ཞུས་པས། ཧ་ཧ་གསུང་ནས་གད་མོ་ཆེན་པོ་ཞིག་མཛད་དེ། ལེགས་པར་འདུག་སྟེ་ལེགས་པར་བསྐྱངས་ཀྱང་འབྲས་བུ་གཟུགས་མེད་ལྷ། གསུངས་ནས་བྱེ་མ་བཙིར་བས་མར་ཁུ་མི་འོང་། ཡུངས་ཀར་བཙིར་བས་མར་ཁུ་ཡོང་བ་ཡིན། ངའི་གཏུམ་མོ་ཨ་ཐུང་གིས་སྲོག་རྩོལ་སྒོམས་དང་། སང་ད་ཚོད་སེམས་ཀྱི་ངོ་བོ་མཐོང་ནས་འོང་གིས།

 ࿅࿆ ལར་བོད་ཀྱི་སྙི࿆ང་དུ࿆་འདྲེ࿆་ཞུ࿆གས་ན࿆ས་ཨ་ཏི་ཤར་གསང་སྔགས་འཆད་དུ་མ་བཅུག་པས་མི་མང་པོ་འཕུང་གསུང་པ་ལ། བཀའ་གདམས་པ་ལ་ཡང་གསང་སྔགས་ཀྱི་གདམས་ངག་མང་པོ་ཡོད་ལགས་ཞུས་པས། དེ་ཚོ་གསང་སྔགས་ཙམ་ཡིན་ཏེ་མན་ངག་མི་འགྲུབ། ཐབས་རྐྱང་པ་རེས་རྫོགས་རིམ་སྣོད་བཅུད་སྡུས་པ་རེ་བཤད་འདུག་སྟེ། དེ་རྟོག་དཔྱོད་ཀྱི་ཏིང་ངེ་འཛིན་བྱ་བ་ཡིན། ལམ་རིམ་གྱི་བདག་མེད་རང་བསྒོམ་པ་དོན་སྤྱི་རྐྱང་པ་ཡིན། ཁ་ཁ་རོག་པར་ཁོ་བོའི་ཐབས་ལམ་སྒོམས་གསུང་།དྭགས་པོས་བཀའ་འབུམ་པོད་དང་པོ་གཞུགས།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-17 12:50 , Processed in 0.026277 second(s), 20 queries .

返回顶部