博客西藏在最高处过一种生活

日志

ཡུལ་ཤུལ་གྱི་གུ་ཚའི་ལྷ་ཁང་གི་ལྡེབས་བྲིས་ར ...

已有 26 次阅读2019-6-10 11:19 |系统分类:见闻| 玉树, 格则, 壁画

ཡུལ་ཤུལ་གྱི་གུ་ཚའི་ལྷ་ཁང་གི་ལྡེབས་བྲིས་རྙིང་པའི་ཉམས་འགྱུར།
དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས།

རྣམ་པར་སྣང་མཛད། 

          རྒྱ་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན། སྟབས་ལེགས་པ་ཞིག་ལ་ཡུལ་ཤུལ་གྱི་གུ་ཚའི་ལྷ་ཁང་གི་ལྡེབས་བྲིས་རྙིང་པའི་ཉམས་འགྱུར་ལ་ལོངས་སུ་སྤྱོད་པའི་གོ་སྐབས་ཤིག་ཐོབ་སོང་།

རྣམ་རྒྱལ་མ། 

       གུ་ཚའི་ལྷ་ཁང་གི་ལྡེབས་བྲིས་རྙིང་པ་ནི་ཇོ་བོ་སྒྱོགས་ཆེན་གདོང་རའི་གཡས་ཟུར་དང་། གསེར་ལྡན་འབྲི་ཆུ་སིལ་མའི་གཡོན་ཟུར་དུ་ཆགས་ཡོད་ཅིང་། ད་ལྟའི་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་གྲོང་མོ་ཆེ་ཞེས་པའི་ས་ཆ་དེ་ཆགས་ཡོད། དགུང་ལོ་དོན་གསུམ་ཡིན་པའི་ལྷ་ཁང་དེའི་བདག་གཉེར་བས་ངོ་སྤྲོད་བྱས་པ་ལྟར་ན། གནས་འདི་ནི་སྒ་ཨ་མྱེས་དམ་པའི་འཁྲུངས་ཡུལ་ཡིན་ཟེར།

ཕྱག་ན་རྡོ་རྗེ།

          སྤྱིར་ལྷ་ཁང་གི་ཕྱིའི་རྣམ་པ་ལ་རྙིང་ཉམས་དོད་ཅིང་། ནང་གི་ཀ་གདུང་དང་གྱང་ལྡེབས་ཀྱི་རི་མོ་ལའང་ཧ་ཀྱང་རྙིང་ཉམས་དོད་ཡོད། འབྲེལ་ཡོད་མཁས་དབང་ཚོས་ལྷ་ཁང་གི་རི་མོ་འདི་ཡོན་རྒྱལ་རབས་དུས་སུ་བྲིས་པ་ཡིན་པའི་ངོས་འཛིན་བྱེད་བཞིན་འདུག

སྣང་བ་མཐའ་ཡས།

        ལྷ་ཁང་གི་སྒོ་འགྲམ་གྱི་རྡོ་རིང་ཡི་གེའི་ཐོག་ཏུ་“དཔའ་ས་སྐྱ་པ་མཁྱེན། རྡོ་རྗེ་འཆང་སྐུན་དགའ་བཟང་པོ་མཁྱེན་ནོ། ”ཞེས་བརྐོས་འདུག དཔའ་དང་སྐུན་གཉིས་དཔལ་དང་ཀུན་ཡིན་པ་སྙམ། རྡོ་རིང་གི་སྨད་དུ་“ལྷ་ཁང་འདི་ལ་ཕྱགས་དང་བཀོར་བ་རྒྱ་ཚོ་བཅུ་བདུན་ལ་དུང་ཡིས་འཚལ་ལོ། དགེ་འོ་ལེགས་སོ། བཀྲ་ཤིགས་པར་ཤོག” ཁ་ཤས་ཡིག་ནོར་ཡིན་འདུག་སྙམ། དོན་དུ་ལ་ལྷ་ཁང་འདི་ལ་ཕྱག་དང་བསྐོར་བ་བརྒྱ་ཚོ་བཅུ་བདུན་ཏེ་ཆིག་སྟོང་བདུན་བརྒྱ་བསྐོར་ན་དུང་གཅིག་གི་ཕན་ཡོན་ཡོད་པའི་དོན་ཡིན་སྙམ། དགེའོ་ལེགས་སོ། བཀྲ་ཤིས་པར་ཤོགས། ཡིན་འདུག་སྙམ། རྡོ་རིང་དེ་ལྷ་ཁང་དང་དུས་མཉམ་ཡིན་པའི་ངེས་པ་མེད་ལ་ངོར་ཀུན་དགའ་བཟང་པོས་བཞེངས་པ་ཡིན་པའི་ངེས་པའང་མེད་སྙམ། གང་ལྟར་ལྷ་ཁང་ངོར་ཀུན་དགའ་བཟང་པོའི་ཡར་སྔོན་དུ་བཞེངས་པ་ཡིན་པ་ཤུགས་ཀྱིས་རྟོགས་ཐུབ།  

སྒྲིབ་པ་རྣམ་སེལ། 

ཀུན་ཏུ་བཟང་པོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-8-18 01:24 , Processed in 0.023958 second(s), 21 queries .

返回顶部