博客西藏在最高处过一种生活

日志

ཁྲི་རོའུ་སཱ་གཏམ་བཤད། 特蕾莎修女《即便如此》 ...

已有 80 次阅读2019-5-23 19:38 |系统分类:文化| 修女, 劝世

ཁྲི་རོའུ་སཱ་གཏམ་བཤད། 特蕾莎修女《即便如此》

དེ་ལྟ་ནའང་།

—ནོ་པེར་ཞི་བདེ་བྱ་དགའ་ཐོབ་མཁན་མཱ་རྡུར•ཁྲི་རོའུ་སཱ།(Mother Teresa)

མི་རྣམས་ཀྱིས་ནམ་རྒྱུན་གནས་ལུགས་མི་བརྩི་ལ་གཏན་ཚིགས་ཀྱང་མེད་པར་མ་ཟད་རང་ཉིད་ཚད་མར་འཛིན་ངེས། དེ་ལྟ་ནའང་། ཁྱེད་ཀྱིས་ཁོང་ཚོ་གུ་ཡངས་གཏོང་དགོས།


ཁྱེད་རང་མི་ཀུན་མཐུན་ཞིག་ཡིན་ནའང་། མི་རྣམས་ཀྱིས་ད་རུང་ཁྱེད་ནི་སྒེར་སེམས་ཅན་དང་བསམ་ངན་ཅན་རེད་ཟེར་ངེས། དེ་ལྟ་ནའང་། ཁྱེད་རང་སྔར་བཞིན་ཀུན་མཐུན་ཅན་ཞིག་ཡིན་དགོས།


ནམ་ཞིག་ཁྱེད་ལ་མཚན་སྙན་གྲགས་དང་གྲུབ་འབྲས་ཐོབ་རྗེས་ཁྱེད་ལ་གྲོགས་པོ་རྫུན་མ་མོད་པོ་ཞིག་དང་དགྲ་བོ་ངོ་མ་འགའ་རེ་ཡོད་སྲིད། དེ་ལྟ་ནའང་། ཁྱེད་ཀྱིས་ཅིའི་ཀྱང་རྒྱལ་ཁ་ལེན་དགོས།


ཁྱེད་རང་གཞུང་དྲང་དང་ལྷག་བསམ་ཅན་ཞིག་ཡིན་ནའང་། མི་རྣམས་ཀྱིས་སྔར་བཞིན་ཁྱེད་ལ་མགོ་སྐོར་གཏོང་ངེས། དེ་ལྟ་ནའང་། གཞུང་དྲང་གི་སྤྱོད་པ་དང་ལྷག་བསམ་དེ་སྔར་བཞིན་སྐྱོང་དགོས།


ཁྱེད་ཀྱིས་ལོ་ངོ་དུ་མར་བཟོས་པའི་དངོས་པོ་དེ་ཅོལ་ཆུང་ཞིག་གིས་ཞག་མ་གཅིག་གི་རིང་ལ་གཏོར་བཤིག་གཏོང་ངེས། དེ་ལྟ་ནའང་། ཁྱེད་ཀྱིས་ལས་མཚམས་འཇོག་མི་རུང་།


གལ་ཏེ་ནམ་ཞིག་ལ་ཁྱེད་ཀྱིས་ལྷིང་འཇགས་དང་བདེ་སྐྱིད་དེ་རྙེད་ནའང་། ཁོང་ཚོས་ཁྱེད་ལ་ཕྲག་དོག་བྱེད་སྲིད། དེ་ལྟ་ནའང་། ཁྱེད་ལ་སྔར་བཞིན་ལྷིང་འཇགས་ངང་བདེ་སྐྱིད་དང་སྤྲོ་སྣང་ལྡན་དགོས།


དེ་རིང་ཁྱེད་ཀྱིས་དགེ་བའི་ལས་ཤིག་སྒྲུབ་རུང་། མི་རྣམས་ཀྱིས་རྟག་ཏུ་སང་ཉིན་ཁྱེད་རང་བརྗེད་ངེས། དེ་ལྟ་ནའང་། ཁྱེད་ཀྱིས་སྔར་བཞིན་དགེ་བའི་ལས་དེ་སྒྲུབས་རོགས།


ཁྱེད་ཀྱི་ཆེས་བཟང་བའི་དངོས་པོ་དེ་འཇིག་རྟེན་འདིར་ཕུལ་ཟིན་ནའང་། ཕལ་ཆེར་དངོས་པོ་འདི་དག་གིས་ཇི་སྲིད་བར་ཏུ་འདང་མི་སྲིད། དེ་ལྟ་ནའང་། ཁྱེད་ཀྱི་ཆེས་བཟང་བའི་དངོས་པོ་དེ་འཇིག་རྟེན་འདིར་འབུལ་དགོས་སོ།



即便如此


by  特雷萨修女


人是不讲理的,会做自私的事。

即便如此,也请原谅。

你若显露善意,必会被人怀疑。

即便如此,也请坚持。

你若获得成功,必会遭叛树敌。

即便如此,也请成功。你若做人正直,必会为人所骗。

即便如此,也请正直。你用多日所创,别人一晚即毁。

即便如此,也请创造。你寻安乐幸福,必会遭人妒忌。

即便如此,也请幸福。今日纵然行善,明日或即被忘。

即便如此,也请行善。你若予人以物,必有人不知足。

即便如此,也请给予。

གཅན་ཤ་བྷེས་བསྒྱུར།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-6-16 20:35 , Processed in 0.024001 second(s), 21 queries .

返回顶部