博客西藏在最高处过一种生活

日志

༄༅།། མཆོད་པ་རྣམ་ལྔ་ངོ་སྤྲོད་མདོར་བསྡུས། ...

已有 191 次阅读2019-2-23 10:43 |系统分类:信仰| 五供

༄༅།། མཆོད་པ་རྣམ་ལྔ་ངོ་སྤྲོད་མདོར་བསྡུས།

མཆོད་པ་རྣམ་ལྔ།


     མཆོད་པ་བྱེད་པ་ལ་ཉེ་བར་སྤྱོད་པའི་དངོས་པོ་རྣམ་པ་ལྔ་ནི་མེ་ཏོག་དང་བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་བཅས་ཡིན། རྒྱ་གར་བས་དུས་རྒྱུན་གྱི་འཚོ་བའི་ཁྲོད་མཆོད་པར་སྤྱོད་པའི་མེ་ཏོག་ནི་དབུ་དང་། བདུག་སྤོས་ནི་ཤངས། མར་མེ་ནི་སྤྱན། དྲི་ཆབ་ནི་སྐུ་ལུས། ཞལ་ཟས་ནི་ལྗགས་བཅས་ལ་འབུལ་བ་ཡིན། མགྲོན་པོ་སྣེ་ལེན་བྱེད་དུས་དེང་སང་ཡང་བེད་སྤྱོད་བྱེད་སྲོལ་ཡོད་པས་ནང་པས་ཀྱང་བླ་མར་མཆོད་པ་དེ་དག་འབུལ་གྱི་ཡོད།

五供

  五拱是指用五种受用的供物供神,五种供物即花、香、灯、水和食子(朵玛)。供五供的时候,最前面要先供上两杯水,然后供花、香、灯和食子(朵玛)。藏文的朵玛,就是汉地食子的意思。如果没有专门上供的朵玛,可以用面包或饼干代替,也可以供玻璃等做的朵玛。供香最好是用藏香,不能用汉地平时放在洗手间里的那种香。灯就用平时供的灯,最好每天都能供灯,即使不点燃也可以供在供桌上。

除五供以外,还可以再供七杯水或者更多杯,这也要看我们自己的条件。

རང་བྱུང་གི་མཆོད་པ་རྣམ་ལྔ།


     རང་རེའི་ཁོར་ཡུག་ཏུ་ཡོད་པའི་རང་བྱུང་གི་མཆོད་པའི་རྫས་ཁག་ལྔ་ལ་གོ་དགོས། ཤར་དུ་ཉི་ཟླའི་སྣང་གསལ་ལམ་མར་མེ། ལྷོར་ཙནྡན་གྱི་བདུག་སྤོས། ནུབ་ཏུ་མཚམས་སྤྲིན་གྱི་མེ་ཏོག བྱང་དུ་གངས་རིའི་ཞལ་ཟས། མཐའ་སྐོར་རྒྱ་མཚོ་ཡི་དྲི་ཆབ་དང་། གཞན་ཡང་ཆུ་རྒྱུན་གྱི་མཆོད་ཡོན། འབབ་ཆུ་ཡི་ཞལ་བསིལ། གཙང་ཆུ་ཡི་ཞབས་བསིལ། སྦྲང་ཆར་གྱི་འཐོར་འཐུང་། འབྲུག་སྒྲ་ཡི་རོལ་དབྱངས། སྤྲིན་དཀར་གྱི་དབུ་གདུགས། སྐྱེད་ཚལ་གྱི་མེ་ཏོག གློག་འོད་ཀྱི་སྣང་གསལ་སོགས་ཛམ་བུའི་གླིང་དུ་རང་བྱུང་གི་མཆོད་པའི་རིགས་བསམ་གྱིས་མི་ཁྱབ་པ་ཡོད་པ་རྣམས་ལ་གོ། ། 

མཆོད་པའི་ཕན་ཡོན། 

  

     མཆོད་པའི་ཕན་ཡོན་ནི། སྙིང་རྗེ་པད་དཀར་ལས། ཀུན་དགའ་པོ་ང་འདུག་པ་ལ་མངོན་སུམ་དུ་མཆོད་པ་བྱེད་པ་ལྟ་ཞོག རིང་བསྲེལ་ཡུང་འབྲུ་ཙམ་དང་། ངའི་ཕྱིར་མཆོད་རྟེན་བྱས་པ་ལ་མཆོད་པ་བྱེད་པའང་ལྟ་ཞོག་སྟེ། སངས་རྒྱས་ལ་དམིགས་ནས་མེ་ཏོག་གཅིག་ནམ་མཁའ་ལ་འདོར་བ་དེའི་འབྲས་བུའང་མཐར་མྱ་ངན་ལས་འདས་པར་སྨྲའོ།། དེའི་རྣམ་པར་སྨིན་པ་ནི་གལ་ཏེ་ལ་ལས་བསྐལ་པ་གཅིག་ཏུ་འཁོར་བར་ཀུན་ཏུ་རྒྱུགས་ཀྱང་འཁོར་བའི་སྔོན་གྱི་མཐའ་མ་ཤེས་པ་ལྟར་དེའི་མཐའ་འང་བརྒྱ་བྱིན་ཉིད་རྣམས་ཀྱིས་ཀྱང་རྙེད་པར་སླ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཞེས་སོགས་རྒྱུ་མཚན་དང་བཅས་མཐའ་ཡས་པ་གསུངས་ཤིང་། མདོར་ན། བསམ་པ་རྣམ་པར་དག་པས་རྫས་མེ་ཏོག་དང་ཕྲེང་བ་སོགས་མཆོད་པའི་བྱེ་བྲག་རྣམས་ཕུལ་བ་ལས་གཟུགས་བཟང་བ། སྒྲ་སྙན་པ། ཡིད་དུ་འོང་བ། ལོངས་སྤྱོད་འཕེལ་བ། མཐོ་རིས་སུ་སྐྱེ་བ། ཐར་པའི་རྒྱུ་འགྱུར་བ་སོགས་ཕན་ཡོན་བཅུ་བཅུ་བྱང་སེམས་ཀྱི་སྡེ་སྣོད་ལས་གསུངས་ལ། བླ་ན་མེད་པའི་མཆོད་པ་དམ་པའི་ཆོས་འཛིན་པས་བསྟན་པ་རྒྱས་པ་དང་དེ་ལ་བརྟེན་ནས་འགྲོ་བ་ཀུན་བདེ་སྐྱིད་འབྱུང་བ་སོགས་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཕན་ཡོན་ནི་ཐེག་པ་ཆེན་པོར་ཚུད་པ་སོགས་དང་། ཐོས་པས་ཆོས་འཛིན་པའི་ཕན་ཡོན་ནི། ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར།། ཐོས་པས་སྡིག་ལས་ལྡོག་པར་བྱེད།། ཐོས་པས་དོན་མ་ཡིན་པ་སྤོང་།། ཐོས་པས་མྱ་ངན་འདས་པ་འཐོབ།། ཅེས་སོགས་གསུངས་སོ།།

(赞普文化)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-5-27 03:55 , Processed in 0.049558 second(s), 21 queries .

返回顶部