博客西藏在最高处过一种生活

日志

ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིང་། ...

已有 293 次阅读2019-1-2 12:26 |系统分类:读书| 敦煌, 藏书

ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིང་།

 དེབ་འདི་དག་ལས་ཀློག་པ་པོ་དང་ཞིབ་འཇུག་པ་རྣམས་ཀྱིས་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་རིན་ཐང་རྙེད་ཐུབ་ལ། བཙན་པོའི་དུས་སྐབས་ཀྱི་བོད་ཀྱི་ཆོས་སྲིད་རིག་གནས་དང་དཔལ་འབྱོར། དམག་དོན་སོགས་ཀྱི་རྣམ་པ་ཅི་ལྟ་བུ་ཡིན་པ་དང་། མི་རིགས་རང་གི་གཟི་འོད་འབར་བའི་རིག་གནས་ཀྱི་རང་བཞིན་ནམ་སྔོན་གྱི་རྣམ་པ་ངོ་མ་དེར་ཡོངས་སུ་མཇལ་ནས་དཔྱད་སྔོག་གི་འབྲས་བུ་མི་དམན་པ་ཞིག་ལེན་ཐུབ་པའི་སྨོན་འདུན་དང་བཅས།

ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིང་།ཤེས་བྱ།

 ཏུན་ཧོང་ཕུག་པའམ་ཏུན་ཧོང་ཡིག་རྙིང་ནི་ཀུན་གྱིས་མཁྱེན་གསལ་ལྟར་ལོ་ངོ་ཧ་ཅང་མང་པོ་ཞིག་གི་རིང་ལ་བྱེ་མའི་འོག་ཏུ་མནན་ཞིང་དེང་དུས་སུ་སླར་ཡང་མིའི་མིག་ལམ་དུ་མངོན་པའི་ལོ་རྒྱུས་ཀྱི་དཔང་བོ་དང་ཤེས་རིག་གི་བང་མཛོད་ཅིག་ཡིན། རིག་ཚན་གང་ཞིག་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བ་ནི་དཔྱད་གཞི་ཡིན་ལ། དེ་ལྟའི་དཔྱད་གཞི་དེ་ཡང་ས་རྡོ་རི་བྲག་དང་། རྫ་བུམ། ཤོག་ལྷེ་ཧྲལ་ཧྲིལ་ངོས་སུ་ཡོད་པ་ཙམ་དང་། ཡིག་ཚགས་ལས་ཁུངས་དང་རྟེན་རྫས་བཤམས་སྟོན་ཁང་དུ་བཞུགས་པ་ཙམ་གྱིས་ཚང་མས་བཀོལ་སྤྱོད་དང་ཞིབ་འཇུག་རྒྱ་ཆེན་པོ་བྱེད་པའི་དགོས་མཁོ་བསྐང་མི་ཐུབ་པས། དཔྱད་གཞི་གང་ཞིག་ལ་རིན་ཐང་ཅི་ཡོད་དང་ཤེས་པའམ་དེའི་དགེ་མཚན་འདོན་སྤེལ་བྱེད་རྒྱུ་ནི་ཧ་ཅང་དགོས་གལ་ཆེ་བའི་བྱ་བ་ཞིག་ཏུ་གྱུར།

དཔྱད་གཞི་འདི་དག་ལས་བཀའ་བསྟན་གྱི་ཕྱི་མོར་གྱུར་བའི་ཆོས་ཕྱོགས་ཀྱི་ཤོག་དྲིལ་ཁག་ཡོད་པ་ཕུད། བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་འབྲེལ་བའི་དཔྱད་གཞི་མང་པོ་ཞིག་ནི་རྗེས་བྱུང་བོད་ཀྱི་ལོ་རྒྱུས་དང་རྒྱའི་ཡིག་ཚང་རྣམས་ལས་རྙེད་དུ་མེད་ཅིང་། བོད་ཀྱི་ལོ་རྒྱུས་དང་རིག་གནས། ཡི་གེ་བྱུང་འཕེལ་སོགས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་དཔྱད་གཞི་རྩ་ཆེན་སྔ་ན་མེད་པ་ཁག་ཅིག་ཡིན། 

ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིང་།

སིར་ཉར་བའི་ཏུན་ཧོང་ཡིག་རྙིང་།

       ཤོག་དྲིལ་དེ་རྣམས་ནི་དུས་རབས་བཅུ་གཅིག་པའི་ཡར་སྔོན་ལ་བྱུང་བར་ཆ་འཇོག་བྱས་ན། ད་ལྟའི་བར་མི་ལོ་ཆིག་སྟོང་ལ་ཉེ་བའི་ལོ་རྒྱུས་ལྡན་ཞིང་གྲུབ་མཐའི་ཕྱོགས་ཞེན་གྱི་ལྷད་མ་ཞུགས་ཤིང་། སུ་ཞིག་གིས་བཟོ་བཅོས་ཀྱི་སྨྱུག་རྩེས་མ་རེག་པའི་ཤོག་དྲིལ་ཕོན་ཆེན་ཞིག་ནུབ་བྱང་མི་རིགས་སློབ་ཆེན་གྱིས་ཧྥ་རན་སི་དང་དབྱིན་ཇི་སོགས་ལ་འཁྱེར་བའི་ཕྱིར་གྱར་ཤོག་དྲིལ་ཁག་ཅིག་གི་མ་དཔེ་ཇི་ལྟ་བ་བཞིན་སྤྱིན་ཤོག་ཏུ་ཕབ་པ་རྣམས་སླར་ཡང་ཀློག་བདེ་བའི་དེབ་གཟུགས་སུ་ཕབ་བཤུས་དང་དག་སྒྲིག་གི་ངལ་བ་ཁུར་དུ་ལེན་མཁན་རྒན་སྟོབས་ལྡན་དང་རྒན་བཀྲ་ཤིས་ཚེ་རིང་སོགས་ཀྱིས་ལས་གཞི་རྒྱ་ཆེན་པོ་འདི་བསྒྲུབས་དང་བསྒྲུབ་བཞིན་པ་ལ་སྒོ་གསུམ་གུས་པའི་ཡི་རངས་དང་བཅས་ཏུན་ཧོང་ཡིག་རྙིང་གི་བཤུས་ཡིག་དེབ་ཕྲེང1-12དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི་དེབ་དང་པོ་བཅས་སྡོམ་པའི་དེབ13ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་འབུལ་ལོ།། 

ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིང་།

       གོང་བཀོད་ཀྱི་ནང་དོན་དག་ཏུན་ཧོང་ཡིག་རྙིང་ངོ་བཤུས་པར་སྐྲུན་བྱུང་བའི་གླེང་གཞི་ལས་བཏུས་པའོ།།

ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིང་།

       གོང་བཀོད་ཀྱི་ནང་དོན་དག་ཏུན་ཧོང་ཡིག་རྙིང་ངོ་བཤུས་པར་སྐྲུན་བྱུང་བའི་གླེང་གཞི་ལས་བཏུས་པའོ།།

                                                                              རྩོམ་ཁུངས། གཙུག་ལག་ཕྲེང་བ།

(岗轮)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-8-19 11:41 , Processed in 0.025007 second(s), 21 queries .

返回顶部