博客西藏在最高处过一种生活

日志

འཇའ་ལུས། ཚན་རིག་པ་འབུམ་གཅིག་ལྷན་དུ་འདུས་ ...

已有 276 次阅读2018-12-27 11:28 |系统分类:信仰| 虹身

འཇའ་ལུས། ཚན་རིག་པ་འབུམ་གཅིག་ལྷན་དུ་འདུས་ཀྱང་མི་ཤེས་པའི་གསང་བ།

  མདོ་ཁམས་དཀར་མཛེས་རང་སྐྱོང་ཁུལ་བྲག་མགོ་རྫོང་རྙིང་མའི་ལྷོ་དགོན་བཅུ་གསུམ་གྱི་ཡ་གྱལ་དུ་གྱུར་བ་འཁོར་གདོང་དགོན་པའི་རྫོགས་ཆེན་སྦས་པའི་རྣལ་འབྱོར་བ་སྒྲིབ་བྲལ་མཆོག་ཉེ་ཆར་སྐུ་འཇའ་ལུས་སུ་དེངས་པ་སོགས་ཀྱི་རྟགས་མཚན་དང་བཅས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད་འདུག 


    དེ་ཡང་བླ་མ་ཁོང་ནི། འཁོར་གདོང་བླ་མ་འགྱུར་མེད་རྡོ་རྗེའི་སློབ་མ་ཡིན་ཞིང་།  ཨ་འཛོམས་འབྲུག་སྤྲུལ་པད་མ་འཕྲིན་ལས་མཆོག་གི་སྐུ་མདུན་ནས་རྫོགས་པ་ཆེན་པོ་སྙན་བརྒྱུད་ཀྱི་ཁྲིད་ཆ་ཚང་བུམ་པ་གང་བྱོའི་ཚུལ་གྱིས་ཞུས་ནས་ཆོས་བརྒྱད་རླུང་ལ་བསྐུར་ཏེ་དཀའ་སྤྱད་ཆེན་པོས་ཉམས་ལེན་མཛད་མཁན་གྱི་ཆོས་པ་རྣལ་མ་ཞིག་ཡིན།

  ཁོང་དང་ཕ་ཡུལ་གཅིག་པ་ཞིག་གིས་ངོ་སྤྲོད་མཛད་པར་གཞིག་ན། བླ་མ་གང་ཉིད་ནི་འཁོར་གདོང་དགོོན་པའི་བགེགས་གཏོར་གཤིན་རྗེ་སྒྲུབ་པའི་བླ་མ་ཡིན་ཞིང་། དུས་རྒྱུན་དུ་དམ་པ་གང་ཉིད་ལ་སྒོར་མོ་སོགས་འབུལ་མཁན་བྱུང་ཚེ་སྐུ་སྒེར་གྱིས་བེད་སྤྱོད་མི་གནང་བར་ཐམས་ཅད་དགོན་པར་ཕུལ་ནས་ལྷ་སྐུ་རྟེན་བཞེངས་རྒྱ་ཆེན་མཛད་ཀྱི་ཡོད། 

སྐུ་འཇའ་ལུས་སུ་གྱུར་བཞིན་པ

   བླ་མ་ཁོང་མ་འདས་གོང་གི་ཉིན་གཅིག་སྔོན་ནས་ཡོན་བདག་ཚོར“ད་ང་ཤི་རྒྱུ་ཡིན། ཁྱེད་ཚོ་ང་ལ་བཀའ་དྲིན་ཧ་ཅང་ཆེ།  ངས་ཚིག་ངན་བཤད་ཡོད་པ་རྣམས་བཟོད་གསོལ་ཞུ་གི་ཡིན་”་གསུངས། ཕྱི་ཉིན་ནང་མོ་ནང་ཇ་གསོལ་ནས་“ད་ང་ལ་ཆོས་གོས་དེ་དགོས་”གསུང་ནས་ཆོས་གོས་མནབ་སྟེ་ལུས་གནད་རྣམ་སྣང་ཆོས་བདུན་གྱི་ངང་ཚུལ་མཛད་ནས་སྐུ་ཞི་བར་གཤེགས། དེའི་སང་ཉིན་ནས་བཟུང་རྫོགས་ཆེན་གཞུང་ན་གསལ་བའི་འདས་རྟགས་རྣམས་རིམ་བཞིན་ཤར་ཏེ་ནམ་མཁར་འཇའ་འོད་འཁྲིགས་ཅིང་། ཁྱད་པར་སྐུ་ལུས་ཉིན་རེ་ལས་ཉིན་རེ་ཇེ་ཆུང་ལ་སོང་ནས་འཇའ་ལུས་སུ་ཕེབས་བཞིན། ད་སྐབས་མུ་མཐུད་སྐུ་ལུས་ཁྲུ་གང་ལས་ཆུང་བར་གྱུར་བཞིན་ཡོད་འདུག


    藏区的一位修行者离开娑婆世界了。他没有名气、没有地位、没有财产,但他有无上大圆满的修为境界!他用这样的方式让我们明白修行的真理,他的法体逐渐缩小,证得大圆满虹身成就。

སྔོན་ཆད་རིག་གནས་གསར་བརྗེ་མ་བྱུང་གོང་ཙམ་དུ་ཉག་བླ་པད་མ་བདུད་འདུལ་སྐྲ་དང་སེན་མོ་མ་གཏོགས་འཇའ་ལུས་སུ་ཕེབས་པའི་ལོ་རྒྱུས་མཆིས་ཤིང་། ཡང་ལོ་བཅུ་གྲངས་སྔོན་ལ་ཁམས་ཉག་རོང་དུ་བླ་མ་ཨ་ཆོས་ཞུ་བ་ཞིག་ཀྱང་སྐུ་ལུས་ཡོངས་རྫོགས་འཇའ་ལུས་སུ་ཕེབས།  སྙིགས་མའི་དུས་འདིར་འདི་ལྟ་བུའི་རྫོགས་ཆེན་རྣལ་འབྱོར་བ་བྱུང་བ་ནི་ཆེས་དགའ་དད་སྐྱེ་འོས་པ་ཞིག་ཅི་ལ་མིན།

  ཉེ་ཆར་དྲ་ལམ་ཁག་ཏུ་བླ་མ་གང་ཉིད་ཡུལ་ཤུལ་ནས་ཡིན་ཞེས་པ་སོགས་ནི་རྫུན་གཏམ་ཁུངས་མེད་ཡིན་འདུག་ཅིང་། ཕྲན་གྱིས་དངོས་སུ་ཞིབ་ཕྲ་བརྩད་གཅད་རྗེས་འདིར་བཀོད་པ་ལགས།


(阿妈的绿松石)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-6-17 15:19 , Processed in 0.024312 second(s), 21 queries .

返回顶部