博客西藏在最高处过一种生活

日志

འཇའ་ལུས་བླ་མ་དང་གང་དེའི་མཛད་རྣམ་ཅུང་གསལ་ ...

已有 248 次阅读2018-12-27 11:17 |系统分类:信仰| 虹身, 殊勋

འཇའ་ལུས་བླ་མ་དང་གང་དེའི་མཛད་རྣམ་ཅུང་གསལ་ཁ་ཅན།近期显现虹光身的一位喇嘛的殊勋!

    ༄༅། །རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ཨ་ཁུ་སྒྲིབ་བྲལ་

སྐུ་ལུས་རྡུལ་ཕྲན་དུ་དེངས་བཞིན་པའི་

སྐོར་གྱི་གསལ་བཤད་

སྙིང་བསྡུས།

དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །

ལྡོང་དྲི་མེད་འོད་ཟེར།

   ༈ཨ་ཁུ་སྒྲིབ་བྲལ་ཁོང་ནི་གསེར་རྟ་རྒྱུ་ཐ་མ་རུ་ཕྱི་ལོ་༡༩༥༥ཡས་མས་སུ་ཡབ་རྒྱུ་ཞིག་དང་ཡུམ་ཧ་ཤེས་འཛུམ་ལི་ཟེར་བ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཕ་མ་ཆུང་དུས་ནས་འདས་སོང་བར་བཤད། ཁོང་སྐུ་ན་ཆུང་དུས་ནས་འཁོར་གདོང་དགོན་དུ་ཡི་གེ་ཀློགས་འདོན་སོགས་སྦྱང་བརྩོན་མཛད། དེའི་ཕྱིས་དུས་འགྱུར་གྱི་སྐབས་རྒྱུ་ཐ་སྡེ་བ་ཆོས་སྐོར་སྟོད་མར་དེད་པ་སོགས་ཀྱི་ལོ་རྒྱུས་མང་པོ་འདུག

  ཁོང་གིས་བྱ་བྲལ་བླ་མ་པདྨ་ཆོས་དབྱིངས་ཁྱབ་བརྡལ་གྱི་རྒྱལ་ཚབ་ཧོར་བ་མཁན་ཤེས་རབ་དང་། བླ་མ་ཨ་འཛོམས་འབྲུག་པ་རིན་པོ་ཆེའི་མདུན་ནས་རྫོགས་སྐོར་ཆ་ཚང་ཞུས། དེ་ནས་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་དང་། གནས་ནང་སྤྲུལ་སྐུ་ཆོས་ཀྱི་ཉི་མ། ཨ་འཛོམས་རྒྱལ་ཚབ་མི་ཉག་སྤྲུལ་སྐུ་བློ་གྲོས་རབ་གསལ་གྱི་མདུན་ནས་ཀྱང་རྫོགས་སྐོར་མང་དུ་གསན་ནས་དགེ་བའི་བཤེས་གཉེན་དུ་མ་བསྟེན།


 དེ་ནས་ཁོང་འཁོར་གདོང་དགོན་ཆོས་འཁོར་རྣམ་རྒྱལ་གླིང་དེས་བླ་མ་ངག་གནས་ཅན་དང་ནུས་མཐུ་ཅན་ཞིག་ཏུ་བརྩི་སྲོལ་འདུག དགོན་དེའི་གཤིན་རྗེའི་ར་ཟོར་གྱི་བླ་མ་སོགས་མཛད་ནས་ལོ་འགའ་ལ་དགོན་དེར་བཞུགས། ཁོང་གི་ཕྱག་རྒྱུ་ཡིས་རྟེན་བཞེངས་ཀྱང་མང་པོ་མཛད།

དེ་ནས་ཡུལ་ངེས་མེད་དུ་ཕེབས། མདོ་ཁམས་གཡུ་ཁོག་ཏུ་བྱོན་ནས་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་འཁྲུངས་གནས་ཆུ་དབར་ཏཱ་རེའི་གནས་སུ་ལོ་མཚམས་དང་། བེ་རོས་བྱིན་གྱིས་བརླབས་པའི་གནས་མཆོག་ཆུ་དམར་འུག་ཚང་སྡེ་བ་སྟེ། ཤར་རྒྱལ་མོ་དམུ་རྡོའི་གནས་འདབས་དུང་དཀར་རི་ཁྲོད་དུ་ཚེ་མཚམས་སུ་བཞུགས་ནས་གནས་དེར་སྐུ་མྱ་ངན་ལས་འདས།

  ཁོང་སྐུ་འདའ་འཁར་སེང་གེ་ཉལ་སྟབས་དེ་ཙམ་མི་བདེ་བས་ང་ཙོག་ཙོག་པོར་ཞོག  རྩག་འགག་དེ་ཕར་ལོངས་ལ། ཆོས་གོས་དེ་ཚུར་ཁོབ་གསུངས། བླ་མ་ཆོས་ལྡན་སོགས་ཀྱིས་དེ་ལྟར་མཛད་ཚེ། དེ་ནས་ཁོང་གིས་ཕྱག་མཉམ་བཞག་དང་ཞབས་སྐྱིལ་མོ་ཀྲུང་བཅས་སྐུ་གཤེགས། ནམ་མཁར་འཇའ་འོད་སྣ་ཚོགས་ཤར་བ་ཀུན་གྱི་མིག་ལམ་དུ་མཐོང་བ་སོགས་ཀྱི་འདས་རྟགས་ཁྱད་མཚར་བ་མང་དུ་བྱུང་ཚུལ་བཤད་དོ། །


  དེ་ནས་ཨ་འཛོམས་རྒྱལ་ཚབ་མི་ཉག་སྤྲུལ་སྐུ་བློ་གྲོས་རབ་གསལ་མཆོག་བྱོན་ནས་ཧ་ཅང་འདས་རྟགས་ཡག་པོ་བཞག་འདུག དེ་སྔ་འདི་འདྲ་བའི་འདས་རྟགས་ཁྱད་པར་བ་འདི་འདྲ་མཇལ་མ་མྱོང་གསུངས།

   དེ་ནས་སྐུ་གདུང་ཉིན་རེ་བཞིན་ཇེ་ཆུང་ནས་ཇེ་ཆུང་དུ་སོང་ནས་ད་སྐབས་ཡིན་ན་དབུ་མ་གཏོགས་སྐུ་ལུས་ཆེར་མེད་པར་བཤད་པས་སྐུ་ལུས་རྡུལ་ཕྲན་དུ་དེངས་པའི་ཚུལ་བསྟན་ནོ།།


  ཁོང་ནི་ཡུལ་ཤུལ་དང་། མི་ཉག རྒྱལ་རོང་སོགས་ཀྱི་ཡིན་ཚུལ་དང་། སྐུ་འདས་གནས་དང་། ད་དུང་འཁོར་གདོང་སྤྲུལ་སྐུ་འགྱུར་མེད་ཀྱི་སྲས་དང་གཡུ་ཁོག་བྱ་བྲལ་བའི་སློབ་མ་ཡིན་ཚུལ་སོགས་ཀྱི་སྐད་ཆ་དང་། ཡི་གེ་རྒྱ་བོད་སོགས་སུ་བསྒྱུར་ནས་དྲྭ་ཚིགས་དང་དྲ་ལམ་ཁག་ཏུ་སྤེལ་བཞིན་པ་འདི་དག་རྫུན་རེད། དེའི་ཕྱིར་ཕྲན་གྱིས་ནོར་འཁྲུལ་བསལ་ཆེད་དུ་སྒྲོ་སྐུར་དང་བྲལ་ཏེ་ཐུན་མོང་གི་སྣང་ངོར་བཞིན་རྣལ་འབྱོར་པ་ཁོང་གི་ངོ་སྤྲོད་དང་འདའ་ཚུལ་གསལ་བཤད་སྙིང་བསྡུས་འདི་གུང་ཇ་འཐུང་ཞོར་འཕྲལ་མར་བྲིས་ཏེ་སྤེལ།

༢༠༡༨/༡༢/༢༥ཉིན། མདོ་ཁམས་གཡུ་ཁོག་པ། ལྡོང་དྲི་མེད་འོད་ཟེར་གྱིས།


(阿妈的绿松石)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-3-24 01:17 , Processed in 0.262502 second(s), 21 queries .

返回顶部