博客西藏在最高处过一种生活

日志

ཨ་ཏོ་ནེ་སེའི་སྙན་ངག [5]

热度 1已有 53 次阅读2018-11-8 09:46 |系统分类:文学

ཨ་ཏོ་ནེ་སེའི་སྙན་ངག [5]

ཨ་ཏོ་ནེ་སེའི་སྙན་ངགཡིག་བསྒྱུར་པ། ཆུ་སྒང་ཤཱཀྱ་ཤེས་རབ།  




ངོ་སྤྲོད།


"ཨ་ཏོ་ནེ་སེ"ཞེས་པའི་མིང་འདི་ནི་སྙན་ངག་པ་ཁོང་གི་པིར་མིང་ཡིན། ཁོང་ཉིད༡༩༣༠ལོར་སི་རི་ཡའི(叙利亚)དབྱིན་སི་ལམ་ཆོས་ལུགས་ཀྱི་ཁྱིམ་ཚང་ཞིག་ལ་སྐུ་འཁྲུངས། ཆུང་དུས་ནས་སྙན་ངག་གསར་རྩོམ་གྱི་ལམ་ལ་ཞུགས་ཤིང་། ད་བར་བརྩམས་ཆོས་གྲགས་ཅནའདི་ནི་ང་ཡི་མིང་ཡིནཞེས་པ་དང་ང་ཡི་ཁེར་རྐྱང་ནི་མེ་ཏོག་ལྡུམ་ར་ཞིག་ཡིནཞེས་པ་སོགས་ཡོད་ཅིང་། ད་ལྟ་སི་རི་ཡ་རྒྱལ་ཁབ་ཀྱི་མིང་གྲགས་ཆེ་བའི་སྙན་ངག་པ་ཞིག་ཡིན་པ་ལགས་སོ།།


 ང་དང་འོད་སྣང་ལྷན་དུ་འཚོ།






ང་དང་འོད་སྣང་ལྷན་དུ་འཚོ་ཞིང

ང་ཡི་ཚེ་གཅིག་ནི་བར་སྣང་ནས་ལྡིང་བའི་དྲི་བསུང་ཞིག་ཡིན

ང་ཡི་སྐར་ཆ་གཅིག་ནི་ཉི་མ་དང་ཟླ་བ་ལས་རིང


ང་རང་མེས་རྒྱལ་གྱི་གླུ་གཞས     

བྱིས་པས་ཞོགས་པ་ཞིག་ལྟར

གྱེར་ལེན་བྱེད་པར་ཞེན་ཆགས་ཆེ་ལ

ཁོ་ཚོས་གླུ་གཞས་ཉི་མར་མཆོད་པ་ཡང

དྭངས་གསལ་གྱི་སྐྱ་རེང་ཞིག་གླུ་གཞས་དང་འགྲོག་པ་འདྲ


ཁོ་ཚོས་འཆི་བར་གསོལ་འདེབས་བྱེད

གལ་ཏེ་འཆི་བདག་གིས་ཁྱོད་ཀྱི་མཆུ་བར་ནས་ཧ་དགོད་བྱས་ཚེ

འཚོ་བས་ཁྱོད་རང་དྲན་ནས་ངུ་སྐད་སྒྲོག་ཡོང་།




我与光一起生活


我与光一起生活

我的一生是飘过的一缕芳香

我的一秒是日久月长

我迷恋祖国的山歌

由牧童像清晨一般传唱

他们把歌掷向太阳,似一块纯净的黎明

伴着歌声,他们祈祷,死去——

倘若死神在你唇间大笑

生活,由于思念你而哭泣。


༢ རེ་ཐག་ཆད་པའི་སྐད་ཆ།





ཁང་པ་དང་མོ་རང་གི་ཁུ་སིམ་གཉིས

འབྲེལ་འདྲིས་བྱས་རྗེས

ཅོ་ག་མེད་ཅིང་ཆུ་ཟིལ་མེད

རྩྭ་སྔོ་ཡང་མེད


མོས   མིག་པགས་ཕྱེས་ནས

སྒེའུ་ཁུང་ཕྱི་རོལ་གྱི་ཉི་མ་ལ་གདོང་བསྟན་ནའང

ཉི་མའི་མདུན་ངོགས་ནས

མེ་འབར་བའི་ཕྱེ་ལེབ་གཅིག་ནང་ལོག་ཏུ་མཆོང

ཡང་ན་བྲག་ཅ་ཚིག་ཅིག



              绝望的话语


当房屋与她的沉默结交

没有云雀,没有露水,没有青草

她张开眼睫

打开窗户

对着太阳……然而,在阳光之前

飞进一只燃烧的蝴蝶,或是一句回声



 རླུང་གི་རྗེ་བོ།



ཕན་ཚུན་རྙོག་འཛིང་མེད་པར

ང་ཡི་དར་ཆ་དག་ཕྱོགས་གཅིག་ནས་གྲ་སྒྲིག

ང་ཡི་གླུ་སྐད་ཀྱང་གྲ་སྒྲིག


ངས་ད་ལྟ་མཛེས་སྡུག་གི་མེ་ཏོག་རྣམས

བསྡུ་འཛོམ་བྱེད་བཞིན་མཆིས་ལ

ལྕང་མ་དང་ཤུག་པ་ལ་སྐུལ་སློང་བྱེད་དེ

ནམ་མཁའ     བླ་བྲེ་རུ་བརྒྱང་བར་བྱ


ང་རང་ཚིག་གི་ཞིང་ཁམས་ནས་སྐྱེས

ཞོགས་པའི་དར་ཆའི་འོག་ནས

ཕྱེ་མ་ལེབ་བསྡུ་སྟེ་ལོ་ཏོག་གསོ་སྐྱོང་བྱེད

ང་རང   རང་ཉིད་ཀྱི་འཚོ་བ་འདི་ལ་དགའ


ང་དང་ཆར་ཐིགས་གཉིས

སྤྲིན་པ་དང་ཁོ་རང་གི་དྲིལ་བརྡའི་ཁྲོད་ནས

རྒྱ་མཚོའི་ནང་དུ་མཚན་མོ་བགྲོད

ངས་རང་ཉིད་རྒྱལ་པོའི་ཁྲི་ལ་གསོལ་ཏེ

རླུང་གི་རྗེ་བོ་བྱེད།




风的君王


我的旗帜列成一队,

相互没有纠缠,

我的歌声列成一队。

我正集合鲜花,

动员松柏,

把天空铺展为华盖。

我爱,我生活,

我在词语里诞生,

在早晨的旌旗下召集蝴蝶,

培育果实;

我和雨滴

在云朵和它的摇铃里、

在海洋过夜。

我向星辰下令,

我停泊瞩望,

我让自己登基,

做风的君王。



༤ ངས་རང་ཉིད་ལོ་ཟླ་ལ་སྤྲད་ནས།



ངས་ལོ་ཟླ་གཅོང་རོང་ལ་སྤྲད་དེ

རང་ཉིད་ཀྱི་བཞོན་རྟའི་འོག་ནས

ཁོ་རང་ལ་ཅི་འདོད་བྱེད་བཅུག་ཡོད


ངས་མིག་ལྡོག་ལས་རང་ཉིད་ཀྱི་དུར་ས་སློག

ང་ནི་འདྲེ་སྲིན་གྱི་དཔོན་པོ་ཡིན

ངས་རང་ཉིད་ཀྱི་རིགས་གཅིག་རྣམས

ཁོ་རང་གི་ལག་ཏུ་སྤྲད་ཟིན་ཞིང

སྐད་ཆ་ཡང  ཁ་སང་ནས་ཁོ་རང་ལ་སྤྲད་ཟིན


ང་རང་ལོ་རྒྱུས་ལ་བལྟས་ནས་ངུ་ཤོར་བྱུང

རབས་ཏུ་སྐྱོ་བའི་ངང  མིག་ཆུ་དག་མཆུ་བར་ནས་ལྷུང

ང་རང་འཇིགས་སྐྲག་ལ་ཁ་ཕྱོགས་ཏེ་ངུས

ང་ཡི་གློ་བའི་ནང་ནས

འཇིགས་སྐྲག་གི་སྡོང་པོ་ལྗང་ཁུ་ཞིག་མེས་ཡིས་འབར


ང་ནི་འདྲེ་སྲིན་གྱི་དཔོན་པོ་ཡིན

ངས་ཁོ་རང་ཚོ་སད་དུ་བཅུག་ཅིང

ང་ཡི་ཁྲག་དང་མིད་པ་ཡིས་ཁོ་ཅག་བཙན་འདེད་བྱེད


ཉི་མ་ནི་ཅོ་ག་ཞིག་རེད

ངས་འགེགས་ཐག་ཤེད་ཀྱིས་དབྱུག་བཞག

རླུང་ནི་ང་ཡི་ཞྭ་མོ་ཡིན་ཨང་།




我把岁月交给……



我把岁月交给深渊

任它在我的坐骑下起起伏伏

我在双眼里挖掘我的坟墓

我是鬼魅的主人,

我把同类交给他们

昨天,我把语言也向他们交付

我对着历史失落地哭泣

踉踉跄跄,哭声从唇间跌出

我向着恐惧哭泣,

我肺里

燃烧着绿色的恐惧之树

我是鬼魅的主人,

我唤醒他们

用我的血和喉咙驱赶他们

太阳是一只云雀,

我把我的绞索扔去

风,是我的帽子。




༥ རེ་སྨོན།



ལོ་ཟླ་དང་གཅོང་རོང་ནས་ཡོང་བའི་སྒྲོན་ཤིང་གིས

ང་རང་ལ་འཛུམ་མདངས་བསྟན་པར་སྨོན

མུ་ཏིག་དང་གཡོར་མོའི་སླུ་བྲིད་ལ་བར་ཐག་བཅད་ནས

ཁོས་ང་རང་སྐྱབས་པར་སྨོན


ང་རང་ལ་སྒྲོན་ཤིང་གི་རྩ་ལག་དབང་བར་སྨོན

ང་ཡི་གདོང་ནི་སྐྱོ་གདུང་གི

ལྕང་སྡོང་གི་པགས་པ་འོག་དུ་ངལ་གསོ་བྱེད

དེ་ནས  ང་རང་མཚམས་སྤྲིན་གྱི་འོད་དང་སྨུག་སྤྲིན་ལ་འགྱུར་ཏེ

གནམ་མཐའ་ལྷིང་འཇགས་ཀྱི་རྒྱལ་ཁམས་ནས་མངོན་ཡོང


ཡིན་ནའང   ང་རང་གསོན་པོར་གནས་ཏེ

དབེན་པའི་རི་ཁུག་དང་ལོ་ཟླའི་ལྕང་སྡོང་གི་ཡལ་ག་རེ་རེ་ནི

ངའི་ཡ་ཐོད་ཀྱི་མེ་ལྕེ་ཡིན

ཚད་པའི་ནད་དང་རེ་སྟོང་གིས་སྦར་བའི་མེ་འོབས་ཀྱིས

ངའི་ས་ཆེན་གྱི་ལྟ་རྟོག་བཟའ་འགྲོ །




愿望



但愿来自幽谷和岁月的雪杉

向我张开怀抱,但愿它守护我

远离珍珠和船帆的诱惑。

但愿我有雪杉的根系,

我的脸在忧伤的树皮后面栖息,

那么,我就会变成霞光和云雾

呈现在天际——这安宁的国度。

然而,我活着,

来自幽谷和岁月之树的每一根枝桠

都是我额头的火焰

由热病和失落燃起的火焰

吞噬着守护我的大地。




ཡོང་ཁུངས། ངེད་འཕྲིན་སྟེགས།

སྐུ་ཉིད་འཕྲིན་སྟེགས་འདིར་ཕེབས་པར་དགའ་བསུ་ཞུ།

[འཕྲིན་སྟེགས་འདིའི་རྒྱུན་སྤེལ་རྣམ་གྲངས།]


◆ ལྟ་གྲུབ་འདྲ་མིན་གྱི་བརྩམས་ཆོས།(འབོལ་རྩོམ།)

◆ ཀྲུང་ཕྱིའི་མི་སྣ་གྲགས་ཆེན་གྱི་གཏམ་བཤད།(བོད་འགྱུར།)  

◆ བོད་ཀྲུང་ཕྱིའི་མིང་དུ་གྲགས་པའི་སྙན་ངག(རྩོམ་ལུས་སྣ་ཚོཊ།)

◆ དགའ་བསུ་ཐོབ་པའི་གླུ་ཚིག(བོད་འགྱུར་མ།)

◆ རྩོམ་རིག་སྒྱུ་རྩལ་དང་འབྲེལ་བའི་གསར་རྩོམ་སྣ་ཚོགས།

◆ གཏམ་དཔེ།ལ་གཞས།མགུར།མཛའ་གཞས།(དམངས་ཁྲོད།)

(羊兄乐园)


发表评论 评论 (1 个评论)

回复 丹正嘉的blog 2018-11-19 09:11
欣赏。

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-11-20 16:43 , Processed in 1.534102 second(s), 22 queries .

返回顶部