博客西藏在最高处过一种生活

日志

༄༅།། བན་ཆེན་པོའི་ཆོས་འབྱུང་ལས་དགྲ་བཅོམ་པ ...

已有 104 次阅读2018-6-25 11:57 |系统分类:信仰| 汉攝, 摩腾

༄༅།། བན་ཆེན་པོའི་ཆོས་འབྱུང་ལས་དགྲ་བཅོམ་པ་མ་ཏངྒོའི་རྣམ་ཐར། 

ཡིག་སྒྱུར་བ། ལི་ཐང་རབ་གསལ། 


       དགྲ་བཅོམ་པ་མ་ཏངྒོ་ཡི་འཁྲུངས་ཡུལ་ནི་རྒྱ་གར་གྱི་ཡུལ་དབུས་ཡིན་ལ་ཁོང་ནི་རང་ཉིད་ཀྱི་ཁྱད་དུ་འཕགས་པའི་ཆ་གཙོ་འདོན་ལ་རབ་ཏུ་མཁས་པས་ཐེག་པ་ཆེ་ཆུང་གི་མདོ་སྡེ་སྣ་ཚོགས་པ་ལེགས་པར་ཁོང་དུ་ཆུད།རྒྱུན་དུ་ཕྱོགས་བཞིའི་རྒྱལ་ཁམས་འགྲིམ་ནས་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་གྱི་འགན་འཁྲི་བཞེས།

ཁོང་སྔོན་ནས་རྒྱ་གར་གྱི་རྒྱལ་ཕྲན་ཡོངས་རྫོགས་ལ་ཕེབས་ཟིན་ཅིང་། རྒྱལ་ཕྲན་རྒྱལ་ཁབ་ཆུང་ཆུང་ཞིག་ནས་གསེར་འོད་དམ་པའི་མདོ་གསུང་བའི་སྐབས་ཞིག་ལ།

དགྲ་ཟླའི་རྒྱལ་ཁབ་ཅིག་གིས་མཐའ་མཚམས་ལ་བཙན་འཛུལ་བྱས་ནས་རྒྱལ་ཁབ་དེ་ལ་དམག་འཁྲུག་བསླངས་པ་རེད།ཁོང་གིས་དེ་སྟབས་ལེགས་པ་ཞིག་ལ་བརྩིས་ནས་གསུང་དོན།མདོ་འདིའི་ནང་དུ་མདོ་དོན་ཕྱིན་ཅི་མ་ལོག་པར་འཆད་ཐུབ་པའི་མི་དེ་ནི། ས་ཡི་ལྷ་མོ་རྣམས་ཀྱིས་སྲུང་ཞིང་སྐྱོབ་པ་དང་ཁོང་བཞུགས་པའི་ས་ཕྱོགས་ཐམས་ཅད་བདེ་ཞིང་སྐྱིད་པ་ཡོང་ཐུབ་པར་གསུངས་ཡོད་པས་ད་ལྟ་དམག་འཁྲུག་མགོ་བརྩམས་མ་ཐག་པ་ཡིན་པས་ཕལ་ཆེར་ས་ཡི་ལྷ་མོ་རྣམས་ཀྱིས་ཕན་ཡོན་ཁྱབ་སྤེལ་བྱེད་པའི་ཐབས་ཤེས་གཏོང་བའི་དུས་སྐབས་ཡིན་པ་འདྲ་གསུངས།དེར་བརྟེན་གཟི་བརྗིད་ཆེན་པོའི་སྒོ་ནས་རང་གི་ཤི་གསོན་རྒྱབ་ཏུ་བསྐྱུར་བའི་དམ་བཅའ་མཛད།


དངོས་སུ་དམག་འཁྲུག་གི་སྔོན་དུ་ཕེབས་ནས་འདུམ་འགྲིག་མཛད་ཨེ་ཐུབ་བལྟས།མཇུག་འབྲས་ནི་རྒྱལ་ཁབ་གཉིས་ཕན་ཚུན་མཛའ་བརྩེའི་ངང་ཞི་མཐུན་བྱུང་བ་རེད།མ་ཟད་དེ་ལ་བརྟེན་ནས་ཁོང་གི་མཚན་སྙན་གྲགས་ཀྱང་སྲིད་པའི་རྩེ་མོར་ཁྱབ། ཧན་ཤར་མའི་བརྟན་བདེ་སྲིད་ལོའི་༼སྤྱི་ལོ་༦༧༽་སྐབས་༼汉明帝༽ཧན་མིང་ངྷི་ཡིས་མཚན་མོ་ཞིག་ལ་གསེར་གྱི་ཁ་དོག་ཅན་གྱི་མི་ཞིག་ནམ་མཁའ་ནས་ཚུར་ལ་འཕུར་ཡོང་བ་རྨིས། དེར་བརྟེན་བློན་པོའི་ཚོགས་བཀའ་ཡིས་བསྡུས་ནས་རྨི་ལམ་བརྡ་དཀྲོལ་བྱེད་དུས་སུ། གཞུང་ལུགས་རབ་འབྱམས་ལ་མངའ་བརྙེས་པའི་༼傅毅༽ཧྥིས་ཡིས་ལན་ཞུ་གསོལ།ཕྲན་གྱི་གོ་ཐོས་ལ་སྔོན་ནུབ་ཕྱོགས་རྒྱ་གར་དུ་ལྷ་ཞིག་བྱོན་མྱོང་ཡོད། མཚན་ལ་སངས་རྒྱས་ཞུ་བ་ཞིག རྒྱལ་པོ་ཁྱེད་ཀྱི་རྨི་ལམ་ནང་བྱུང་བ་ཕལ་ཆེར་ཁོང་ཡིན་པ་འདྲ་ཞུས།མིང་ངྷི་ཡིས་གནས་དངོས་དེ་རང་ཡིན་པར་བསམ་ནས་དེ་མ་ཐག་ལྷ་རྗེ་ཚེ་ཡན་༼蔡愔༽དང་རབ་འབྱམས་པའི་སློབ་མ་༼秦景༽ཆིན་ཅིང་སོགས་རྒྱ་གར་དུ་ཕོ་ཉ་ལ་མངགས། ཕོ་ཉ་ཚེ་ཡན་སོགས་ཀྱིས་སངས་རྒྱས་ཀྱི་ཆོས་འཚོལ་བཞིན་རྒྱ་གར་ལ་ཐོན་ནས་དགྲ་བཅོམ་པ་མ་ཏངྒོ་དང་མཇལ།ཁོང་གདན་འདྲེན་ཞུས་ནས་རྒྱ་ནག་ཕྱོགས་སུ་ཕེབས་ཡོང་།  

ཁོང་ནི་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་གྱི་ཆེད་དུ་དཀའ་ངལ་ལ་མི་སྐྲག་ཅིང་ཉེན་ཁར་མི་འཛེམ་པར་བྱེ་ཐང་ཆེན་མོ་བརྒལ་ཏེ་མཐར་ལོ་ཡངས་གྲོང་ཁྱེར་ལ་༼སྤྱི་ལོ་༦༨༽་ཕེབས་ཐུབ་པ་རེད།མིང་ངྷི་ཡིས་ཁོང་ལ་ཧ་ཅང་བརྩི་མཐོང་ཆེན་པོ་བྱས་པ་མ་ཟད་དགེ་སེམས་ཀྱིས་སྣེ་ལེན་ཞུས།ལོ་ཡངས་གྲོང་ཁྱེར་གྱི་ནུབ་སྒོའི་ཕྱི་རོལ་དུ་དགོན་པ་ཞིག་བཞེངས་ནས་ཁོང་བཞུགས་ས་བཀོད་སྒྲིག་མཛད།


ཁོང་ནས་མགོ་བརྩམས་ཏེ་རྒྱ་ནག་ཏུ་སངས་རྒྱས་ཀྱི་བསྟན་པའི་རྗེས་འཇུག་དགེ་འདུན་པ་བྱུང་བ་རེད།འོན་ཀྱང་བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཐོག་མར་རྒྱ་ནག་ཏུ་དར་བའི་སྐབས་ཡིན་པས།སྐྱབས་འགྲོ་རྣམ་དག་ཡོད་པའི་མི་ཧ་ཅང་མང་པོ་མེད།དེར་རྟེན་ཁོང་རང་གིས་རྒྱུན་མ་ཆད་པར་མྱོང་རྟོགས་གོང་འཕེལ་དང་ཆོས་ལ་གོ་བ་གཏིང་ཟབ་ཏུ་བཏང་བ་ལས་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་བྱེད་པའི་གོ་སྐབས་ཆེན་པོ་མ་བྱུང་།རིང་པོ་མ་འགོར་བར་ལོ་ཡངས་གྲོང་ཁྱེར་ནས་༼སྤྱི་ལོ་༧༣༽་དགོངས་པ་ཆོས་དབྱིངས་སུ་འཐིམས། ལོ་རྒྱུས་ཟིན་ཐོའི་ནང་དུ།ཁོང་གིས་མདོ་སྡེ་རིམ་པར་ཕྱེ་བ་ཞེ་གཉིས་པ་བམ་པོ་གཅིག་ཅན་༼ཁོང་དང་མཉམ་དུ་ཕེབས་པའི་པཎྜི་ཏ་ཀྲུའུ་ཧླ་ལན་༼竺法兰༽གྱིས་ས་བཅུ་བའི་མདོ།十地断结经。ཐེག་པ་ཆེན་པོ་ཆོས་རྒྱ་མཚོ་ཞེས་བྱ་བའི་མདོ།法海藏经 。སངས་རྒྱས་ཀྱི་འཁྲུངས་རབས་སམ།སྐྱེས་རབས་ཀྱི་མདོ།佛本生经 。བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་མདོ། 佛本行经 རྒྱ་ནག་གི་སྐད་དུ་བསྒྱུརཅིང་། བསྒྱུར་བ་དེ་ཐོག་མར་ཡིག་ཚང་ཁང་ཨང་བཅུ་བཞི་བའི་ནང་ན་ཡོད་པར་བཤད།ཁོང་བཞུགས་སའི་གནས་ནི།དེང་སང་གི་ལོ་ཡངས་གྲོང་ཁྱེར་ཀྱི་ནུབ་སྒོའི་ཕྱི་རོལ་གྱི་རྟ་དཀར་དགོན་པ་རེད།

ངག་རྒྱུན་གྱི་བཤད་སྲོལ་ལ། སྔོན་རྒྱལ་ཁབ་གཞན་ཞིག་གི་རྒྱལ་པོས་ནང་བའི་དགོན་པ་ཐམས་ཅད་གཏོར་བ་ན།བཀྲ་ཐི་དགོན་པ་༼招提寺༽མ་གཏོགས་ལྷག་འཕྲོ་མ་ལུས་པའི་སྐབས།དེའི་ནུབ་མོ་མཚན་དཀྱིལ་ལ་རྟ་དཀར་པོ་ཞིག་ཡོང་ནས་དགོན་པའི་ནང་གི་མཆོད་རྟེན་ལ་བསྐོར་བ་བྱས་ནས་འཚེར་སྐད་ཀྱི་སྨྲེ་སྔགས་ཡང་ཡང་བཏོན་པ་ན།མི་ཞིག་གིས་འཕྲལ་དུ་དོན་དེ་རྒྱལ་པོར་ཞུས།རྒྱལ་པོས་དེ་མ་ཐག་དགོན་པ་གཏོར་བའི་བྱ་བ་མཚམས་བཞག མ་ཟད་བཀྲ་ཐི་དགོན་པའི་མིང་བསྒྱུར་ནས་རྟ་དཀར་དགོན་པ་ཞེས་གསོལ།དེར་བརྟེན་རྗེས་སུ་དེའི་མིང་གཡར་ནས་དགོན་པའི་མིང་ལ་རྟ་དཀར་དགོན་པ་བཏགས་པ་ཧ་ཅང་མང་པོ་ཡོད་དོ།།


༼དེང་གི་བོད་རིག་པ་ཁང་དཀར་སོགས་ཕལ་མོ་ཆེས་སློབ་དཔོན་ཀླུ་སྒྲུབ་ཀྱི་འཁྲུངས་ལོ་སྤྱི་ལོ༡༥༠ཡིན་ཚུལ་བཤད་པ་ལྟར་ན། དགྲ་བཅོམ་པ་མངྒོ་ཁོང་མགོན་པོ་ཀླུ་སྒྲུབ་ཀྱི་སྔོན་དུ་ལོ་བརྒྱ་དང་ལྔ་བཅུ་ཙམ་ལ་རྒྱ་གར་དབུས་སུ་སྐུ་འཁྲུངས་པ་རེད།ཁོང་རྒྱ་གར་དུ་བཞུགས་དུས་སུ་གསེར་འོད་དམ་པ་རྒྱལ་ཕྲན་རྒྱལ་ཁབ་ཅིག་ལ་གསུངས་པའི་ལོ་རྒྱུས་གོང་གི་རྣམ་ཐར་ནང་དུ་གསལ་བ་ལྟར་རེད།

དེ་ལྟར་ན་གསེར་འོད་དམ་པ་དང་མདོ་སྡེ་ས་བཅུ་བ་སོགས་མགོན་པོ་ཀླུ་སྒྲུབ་ཀྱི་སྔོན་ལོ་བརྒྱ་ཡི་གོང་རོལ་ན་ཡོད་པ་གསལ་བོར་བྱུང་བ་རེད།དེ་ནི་ཐེག་ཆེན་བཀའ་སྒྲུབ་ལ་བསམ་བློ་གཏོང་མཁན་ཞིག་གི་ངོས་ནས་བཤད་ན་ཧ་ཅང་གི་སྤྲོ་སྣང་ཡོད་པའི་ལོ་རྒྱུས་ཚན་པ་ཞིག་རེད།མདོ་གསེར་འོད་དམ་པ་ནི། ཐེག་ཆེན་གྱི་མདོ་དང་སེམས་ཙམ་པའི་ལྟ་གྲུབ་གསལ་བ་སྐུ་གསུམ་གྱི་རྣམ་བཞག་བསྟན་པ་ལྷག་པར་དུ་གསང་སྔགས་དང་འབྲེལ་བའི་དཀྱིལ་འཁོར་དང་དབང་གི་སྐོར་སོགས་ཀྱི་ཐ་སྙད་གསལ་བའི་མདོ་སྡེ་གལ་ཆེན་ཞིག་རེད།དེས་ན་འདི་ཐེག་ཆེན་དང་གསང་སྔགས་བཀའ་སྒྲུབ་ལ་ཧ་ཅང་དགོས་མཁོ་ཆེ་བའི་ལོ་རྒྱུས་ཚན་པ་ཞིག་ཡིན་པས་བོད་ཡིག་ཏུ་བསྒྱུར་ཁུལ་བྱས།༽


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-11-16 18:05 , Processed in 0.390070 second(s), 21 queries .

返回顶部