博客西藏在最高处过一种生活

日志

སྙིང་རྗེའི་གཞན་དབང་དུ་གྱུར་བའི་བོད་མོ་ཞི ...

已有 174 次阅读2018-5-24 15:39 |系统分类:慈善| 慈悲心

སྙིང་རྗེའི་གཞན་དབང་དུ་གྱུར་བའི་བོད་མོ་ཞིག་གི་སྐད་ཆ།一位具悲心的藏族女孩的心声
     ངའི་ཕ་ཡུལ་གཡོན་རུའི་ཡིན། ཆུང་དུས་ཕ་མ་གཉིས་དང་ལྷན་དུ་བླ་བྲང་དུ་སོང་ནས་མཇལ་སྐོར་བྱས་བསྡད་པ་ཡིན། ང་ཚོ་ནམ་རྒྱུན་མཇལ་སྐོར་དུ་འགྲོ་དུས་ཤན་པ་ཞིག་གི་སྒོ་ཁར་བརྒྱུད་ནས་ཕར་འགྲོ་ཚུར་ལོག་བྱེད་དགོས་ཤིང་། ཤན་པ་ཚང་གི་སྒོ་གཉིས་ནམ་རྒྱུན་ཕྱེས་བཞག་ཡོད་པ་རེད། སྒོ་དེའི་ནང་རོལ་ལུག་གིས་བཀང་འདུག་ཅིང་། འགོ་ནས་མར་ལ་རིམ་བཞིན་བསད་ཡོང་དུས་རྔ་མའི་ལུག་ཁ་ཤས་སྐྲག་སྟེ་འདར་ཞིང་མིག་ཆུ་གཏོང་བཞིན་པ་མཐོང་བས། ངའི་སེམས་སུ་མི་རྣམས་ཀྱིས་རང་གི་ཁ་ལ་ཞིམ་པ་དེའི་ཁོ་ནའི་ཆེད་དུ་ལངས་ནས་འགྲོ་བ་ཞིག་གི་ཚེ་སྲོག་འཕྲོག་གི་ཡོད་པ་རེད། ཡིན་ཡང་འུ་ཚོས་ཤ་མ་ཟོས་པར་ཟས་རིགས་གཞན་པར་བརྟེན་ཡང་འཚོ་མི་ཐུབ་པ་ཞིག་གཏན་ནས་མ་རེད། དཔེར་ན་སྔོ་ཚོད་དང་རྩམ་པ། ཞོ་དང་འོ་མ་སོགས་ལ་བརྟེན་ནས་ཀྱང་འཚོ་ཐུབ་པར་བསམས་ཤིང་། ཕ་མ་གཉིས་ལ་རང་གིས་དེ་ལྟར་བྱ་རྒྱུ་ཡིན་ཚུལ་བཤད་པ་ན། ཁོང་གཉིས་ནས་ཁྱོད་ཀྱིས་དེ་ལྟར་བྱས་ན་དཀའ་རྒྱུ་རེད་ཟེར། ཡིན་ཡང་ང་རང་གི་སེམས་སུ་སྔར་བཞིན་ལངས་ནས་འགྲོ་བ་ཞིག་གི་ཤ་ཟོས་ཏེ་འཚོ་བ་རོལ་ན་སྙིང་བོ་གང་ཡང་མི་འདུག་སྙམ་ནས་ཤ་ཟས་བཅད་པ་ཡིན། ངས་ནི་ལོ་ན་བཅུ་གསུམ་ནས་བཟུང་ཤ་ཟས་བཅད་པ་ཡིན། ད་ནི་མོ་ལོ་ཉེར་བདུན་ལ་སོན་ཡོད། ཤ་མ་ཟོས་ཀྱང་བཟའ་རྒྱུ་གཞན་མང་པོ་ཡོད་པ་རེད། གལ་སྲིད་ཤ་ཟས་ཉུང་དུ་གཏོང་བའམ་རིམ་གྱིས་གཏན་དུ་མི་བཟའ་བའི་དོན་དུ་འབད་ན། འཇིག་རྟེན་འདི་ཞི་བདེ་དང་བདེ་སྐྱིད་ཡིན་རྒྱུ་རེད་འདོད། ༼ས་ལའི་རིགས་སྲས་ནས་ཡིག་ཐོག་ཏུ་ནུས་ན་དབུས་ཁམས་གཉིས་ཀྱིས་ཀྱང་གོ་བར་ཕན་ཞེས་བསྐུལ་བས་བློན་བན་མཁར་གྱིས་ཇི་བཞིན་ཕབ་པ་དེ་ལགས།༽

视频内容字幕版 

       我的家乡是羊智。小时候跟父母一起去朝拜喇扎寺,每次都要经过一个屠宰场。那个屠宰场有两个门每天都是开着的,里面有很多羊。那些羊从头开始逐渐被残杀时,后面的那些羊吓得身体发抖、眼泪汪汪、十分悲痛的样子。那时我心想我们人类为了一瞬间的口腹美味,却残杀其它那么多动物!我们不是只有肉食才能生存下去,没有肉食我们依然可以吃其它食物,比肉食更健康,更美味的,比如素菜、糌粑、酸奶、牛奶等等……我向父母讲了我的想法,他们说,你那样做是很难的。但我依然在想,生活在一个为了肉食而伤害其它动物的世界没有任何意义,因此我就戒了肉食!我从13岁开始吃素,现在已27岁了。断肉也可以吃很多美味的食物,如果减少肉食或慢慢努力禁止肉食,那么这个世界就会安乐、和平、幸福!


(彭嘉普惠园)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-10-17 16:33 , Processed in 0.290648 second(s), 21 queries .

返回顶部