博客西藏在最高处过一种生活

日志

བོད་ཀྱི་རྟ་རྩལ་རུ་ཁག་གིས་རྒྱལ་ཡོངས་ནས་ཨང ...

已有 54 次阅读2018-5-16 15:07 |系统分类:见闻| 西藏, 马术, 夺冠

བོད་ཀྱི་རྟ་རྩལ་རུ་ཁག་གིས་རྒྱལ་ཡོངས་ནས་ཨང་དང་པོ་བླངས西藏竞技马术队再夺全国冠军

   ༢༠༡༨ལོའི་རྒྱལ་ཡོངས་ཀྱི་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ཉིན་ཤས་གོང་མཇུག་འགྲིལ་བ་དང་། བོད་ཀྱི་རུ་ཁག་གིས་མཐའ་མཇུག་ཉིན་གྱི་འགྲན་རའི་འགག་སྒྲོལ་འགྲན་བསྡུར་ལ་རྟ་རྩལ་ཡག་པོ་བཏོན་ནས་ཀོང་ཏུང་རུ་ཁག་དང་ཅང་སུའུ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཚོགས་པའི་ཨང་དང་པོ་བླངས་པ་དང་། ཀོང་ཏུང་རུ་ཁག་གི་རྟ་པ་ཆའོ་ལུན་པཱ་ཐེར་ལ་མི་སྒེར་གྱི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་འདུག

       2018年全国马术三项赛锦标赛13日收官,西藏队在最后一天的场地障碍赛中发挥出色,反超广东队和江苏队,收获团体冠军,广东队骑手乔仑巴特获得个人赛冠军。

      རྟ་རྩལ་རྣམ་གྲངས་གསུམ་གྱི་འགྲན་བསྡུར་ནི་མི་རྟ་ཆ་སྒྲིག་གིས་གཟབ་མཆོར་བགྲོད་རྩལ་དང་། བྱེས་བགྲོད་འགག་སྒྲོལ། འགྲན་རའི་འགག་སྒྲོལ་བཅས་རེད། ཚོགས་པའི་འགྲན་བསྡུར་ལ། གོང་གི་ཉིན་གཉིས་ཀྱི་གཟབ་མཆོར་བགྲོད་རྩལ་དང་བྱེས་བགྲོད་འགག་སྒྲོལ་འགྲན་བསྡུར་བྱས་རྗེས། ཀོང་ཏུང་རུ་ཁག་ལ་བསྡོམས་ཉེས་ཆད་སྐར་མ་༡༠༤.༣༠བཏང་ནའང་ཨང་དང་པོར་བསླེབས་པ་དང་། བོད་ཀྱི་རུ་ཁག་ཀོང་ཏུང་རུ་ཁག་ལས་ཧེ་བག་སྐར་མ་༦.༡༠ཤོར་ནས་ཨང་གསུམ་པར་བསླེབས་ཡོད། ཡིན་ནའང་ཚེས་༡༣ཉིན་གྱི་འགྲན་རའི་འགག་སྒྲོལ་འགྲན་བསྡུར་ལ་བོད་ཀྱི་རུ་ཁག་གི་མི་རྟ་ཆ་སྒྲིག་བཞིས་རྟ་རྩལ་ཡག་པོ་བཏོན་ཏེ་ཉེས་ཆད་སྐར་མ་གཅིག་ཀྱང་མ་འཁེལ་བར་འགྲན་བསྡུར་ལེགས་སྒྲུབ་བྱས་པ་དང་། ཀོང་ཏུང་རུ་ཁག་གི་མི་རྟ་ཆ་སྒྲིག་གསུམ་ལ་ཉེས་ཆད་སྐར་མ་ཕོག་མཐར། བོད་ཀྱི་རུ་ཁག་ལ་བསྡོམས་ཉེས་ཆད་སྐར་མ་༡༡༠.༤༠གྱིས་ཨང་དང་པོར་བསླེབས་པ་དང་། ཀོང་ཏུང་རུ་ཁག་ལ་བསྡོམས་ཉེས་ཆད་སྐར་མ་༡༡༧.༢༠གྱིས་ཚོགས་པའི་འགྲན་བསྡུར་གྱི་ཨང་གཉིས་པར་བསླེབས་པ། ཅང་སུའུ་རུ་ཁག་དང་ཧྲང་ཧའེ་རུ་ཁག་སོ་སོར་ཨང་གསུམ་པ་དང་བཞི་པ་ཐོབ་ཡོད། 

        马术三项赛是骑手与同一马匹的组合先后参加盛装舞步、越野障碍赛和场地障碍赛。在团体赛中,经过前两天的盛装舞步和越野障碍赛后,广东队以总罚分104.30分排在第一位,西藏队相差6.10分排名第三。但13日的场地障碍赛中,西藏队四对人马组合发挥出色,均以零罚分完赛,而广东队有三对组合出现罚分。最终,西藏队以110.40分的总罚分排在第一,逆转取胜,而广东队以117.20总罚分获得团体赛第二名。江苏队、上海队分列第三、第四名。

(藏区头条)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-5-28 01:23 , Processed in 0.283096 second(s), 21 queries .

返回顶部