博客西藏在最高处过一种生活

日志

བོད་དམག་གིས་བཙུགས་པའི་འཇང་ཡུལ་ལྕགས་ཟམ་རྣ ...

已有 94 次阅读2017-10-12 11:08 |系统分类:文化| 吐蕃, 铁索

བོད་དམག་གིས་བཙུགས་པའི་འཇང་ཡུལ་ལྕགས་ཟམ་རྣམ་གཉིས།吐番铁索桥史

      རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས།



བོད་ཡིག་གི་དཔྱད་གཞིའི་ཡིག་ཆ་གང་དུའང་མ་འཁོད་པའི་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་གལ་ཆེ་ཤོས་ཤིག་ནི། རྒྱལ་པོ་མང་སྲོང་མངི་བཙན་སྐབས་སུ་བོད་དམག་གིས་འཇང་ཡུལ་བཟུང་། འཇང་ས་ཐམ་ཡུལ་དུ་འབྲི་ཆུ་ལ་ལྕགས་ཟམ་བཙུགས་ནས་དམག་གིས།    འགྲིམས་འགྲུལ་སྟབས་བདེ་བཟོས་པ་དང་། རྒྱལ་པོ་འདུས་སྲོང་མང་རྗེ་དང་། མ་ཡུམ་ཁྲི་མ་ལོད་གཉིས་ཀྱིས་སྲིད་སྐྱོང་པའི་སྐབས་སུ་འཇང་ཏ་ལི་ཡུལ་དུ་དམག་དྲངས། ཡངས་པི་གཙང་པོ་ལ་ལྕགས་ཟམ་བཙུགས་ཏེ་ཐང་ཅུའུ་ཀྲེན་གྱི་དམག་ལ་ཕར་རྒོལ་བྱས་པའི་ལོ་རྒྱུས་དེ། དེ་ནི་ཐང་ཡིག་དང་། ཡུན་ནན་ལོ་རྒྱུས་སོགས་རྒྱ་ཡིག་དཔྱད་གཞི་ཁག་ལས་གསལ། ནང་ཆོས་དང་འབྲེལ་བ་མེད་པའི་བོད་ཀྱི་ལོ་རྒྱུས་གལ་ཆེན་མང་པོ་ཞིག་བོད་ཡིག་ནང་ཏུ་འཁོད་མི་འདུག་པས་སླད་ནས་གནའ་བོའི་རྒྱ་ཡིག་སོགས་མི་རིགས་གཞན་གྱི་ལོ་རྒྱུས་ཡིག་ཚང་ནང་དུ་བོད་ཀྱི་ལོ་རྒྱུས་གལ་ཆེན་རིགས་རྙེད་སྲིད་པ་ཞིག་རེད་འདུག་པས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱིས་དོ་སྣང་བྱ་འོས་པ་ཞིག་རེད།

据《唐书》和《滇志》记载:公元七世纪末八世纪初吐番大军为了占领南诏而进攻大唐,在今天的云南地区建立两处铁索桥。吐番大君王芒松芒赞执政期间为了往东扩展军事领地,在丽江的金沙江上架起了第一座铁索桥;君王杜松芒杰和卓萨赤玛勒母子二人执政期间,吐番大军又在大理的漾濞江建立第二座铁索桥。这段历史在藏文文献中没有记载,而是在考察、研究汉文文献中发现的。藏文古代历史文献中忽略了很多与佛教无关的吐番重大历史事件。为此我们在研究藏族历史时不要只局限于藏族文献资料研究,而应该参考查阅汉文以及周边民族的古代历史文献资料

有责任将藏族历史的真实事件再现。

3. རྒྱལ་པོ་མང་སྲོང་མང་བཙན་ནི། ཡབ་རྒྱལ་པོ་གུང་རི་གུང་བཙན་དང༌། ཡུམ་འ་ཞ་བཟའ་མོང་རྗེ་ཁྲི་དཀར་གཉིས་ཀྱི་སྲས་སུ་སྤྱི་ལོ་༦༣༨པ་ས་ཁྱི་ལོར་སྐུ་བལྟམས། སྤྱི་ལོ་༦༥༠པ་ལྕགས་ཁྱི་ལོར་དགུང་ལོ་བཅུ་གསུམ་ལོན་པ་དང་རྒྱལ་སྲིད་ལ་འཁོད། སྐུ་གཤེན་ཁྱུང་པོ་སྟག་སྒྲས་མཛད། འབྲོ་བཟའ་ཁྲི་ལོད་ཁབ་ཏུ་བཞེས། མགར་སྟོང་བཙན་ཡུལ་སྲུང་དང༌། མཆིམས་མང་གཉེར་གྱིས་བློན་པོ་མཛད། སྤྱི་ལོ་༦༥༩པ་ས་ལུག་ལོར་བཙན་པོ་མང་སྲོང་མང་བཙན་སྦྲགས་ཀྱི་ཤར་ན་བཞུགས་ཤིང༌། བློན་ཆེན་མགར་སྟོང་བཙན་གྱིས་བོད་དམག་ཆིག་སྟོང་ཙམ་ཁྲིད་ནས་འ་ཞའི་ཡུལ་དུ་སླེབས། སྤྱི་ལོ་༦༦༧པ་མེ་ཡོས་ལོར་བཙན་པོ་འོར་མང་དུ་ཕེབས་ཏེ། དེ་ལོར་བློན་པོ་མགར་སྟོང་བཙན་ཡང་འབྲས་ནད་ཀྱིས་འདས། མགར་ལ་བུ་བཞི་སྟེ། མགར་བཙན་སྙ་ལྡོམ་བུ། མགར་ཁྲི་འབྲིང༌། མགར་བཙན་བྲོད། བློན་ཟི་མདོ་ཡེ་རྣམས་ལས་ཆེ་བ་མགར་བཙན་སྙ་ལྡོམ་བུས་ཕའི་གོ་ས་བཟུང༌། བུ་གཞན་གསུམ་པོས་དམག་དཔོན་བྱས་ཏེ། ལོ་དེ་རང་ལ་རྒྱའི་ས་མཚམས་སུ་དམག་དྲངས། འཇང་གི་རིགས་ཀྱི་ཞིང་ཆེན་བཅུ་གཉིས་བཅོམ། སྤྱི་ལོ་༦༧༠པ་ལྕགས་རྟ་ལོར་སླར་ཡང་བོད་དམག་སླེབས་ཏེ་རྒྱའི་ཞིང་ཆེན་བཅོ་བརྒྱད་ཙམ་བཅོམ། གུ་ཅིའི་གྲོང་ཁྱེར་གྱི་ལྕགས་རི་ཡང་བཤིགས། དེ་ནས་རྒྱའི་ཞིང་ཆེན་བཞི་བོད་ཀྱི་ལག་ཏུ་ཤོར། དུས་དེ་ཙམ་ན་དེང་གི་འབའ་ལུང(维西)དང༌། ས་ཐམ(丽江) ཅན་ཁྲོན(剑川)བཅས་ཀྱི་ཕྱོགས་ཐམས་ཅད་བོད་དམག་གིས་བཟུང་བར་མ་ཟད། ཀླུ་འཕེལ་གྱི་འབྲི་ཆུ་ཁ་ནི་དམག་འཁྲུག་གི་ཐབས་ཇུས་འགོད་ཡུལ་གཙོ་བོ་ཡིན་པ་དང༌། ཡུན་ནན་དང་སི་ཁྲོན་ཕྱོགས་སུ་ཕར་རྒོལ་བྱེད་པའི་དམག་མི་གཏོང་ལེན་བྱེད་སའི་ལྟེ་གནས་ཤིག་ཡིན་སྟབས། བོད་དམག་གིས་འབྲི་ཆུའི་ཐོག་ཏུ་ལྕགས་ཟམ་བཙུགས། ཟམ་པ་བཙུགས་ས་དེ་ནི་དེང་དུས་ས་ཐམ་རྫོང་གི་ཐཱ་ཁྲིན་ཆུས(丽江县塔城区)ཀྱི་བྱང་ཕྱོགས་འབྲི་ཆུ་ཁའི་ས་ཆ་དེར་ཡིན། སྤྱི་ལོ་༦༧༦པ་མེ་བྱི་ལོར་མང་སྲོང་མང་བཙན་སྐུ་གཤེགས། བང་སོ་གུང་རི་གུང་བཙན་གྱི་གཡོན་དུ་བརྩིགས་སོ། །

འབྲི་ཆུའི་ལྕགས་ཟམ།

   吐番君王芒松芒赞,其父为国王贡日贡赞,母亲是王后吐谷浑妃芒杰赤嘎,他于土狗年即公元638诞生,于铁狗年即公元650年登上王座。他委任琼布达扎为近身苯教师,迎娶卓萨•赤玛勒为妻,有噶尔东赞和青•蒙念辅佐。

 土羊年即公元659年赞普芒松芒赞净居于“卫”沃蒙寝宫,噶尔东赞率领吐蕃千余铁骑抵达吐谷浑。火羊年即公元662年,赞普净居于山南扎囊寝宫,同年,噶尔东赞因患肿核病逝世。噶尔东赞生有四子,分别为噶尔贞囊东布、噶尔赤贞、噶尔贞锥、伦日度耶。长子贞囊东布接任父亲职位,其余三子担任军中大将。同年,贞囊东布亲帅吐蕃大军攻打南诏,降服南诏十二部。勒配长江渡口是征战敌国的重要战略之地,是从今和四川调运军队的枢纽隘口,吐蕃大军于是在长江之上架设铁索桥,当年架设铁索桥的地方就在今丽江塔城区北部的长江渡口。火鼠年即公元676年,芒松芒赞驾崩,葬于赞普陵墓群的其父贡日贡赞墓的左边。

4. འབྲོ་བཟའ་ཁྲི་མ་ལོད་ནི། སྤྱི་ལོ་༦༧༦པ་མེ་བྱི་ལོར་རྒྱལ་པོ་སྐུ་གཤེགས་པ་དང་བོད་ཀྱི་རྒྱལ་སྲིད་བསྐྱངས། མགར་བཙན་སྙ་ལྡོམ་བུ་དང༌། དབས་ཏ་ར་ཁོང་ལོད་གཉིས་ཀྱིས་བློན་པོ་མཛད། སྤྱི་ལོ་༦༧༩ལོར་སྲས་ཁྲི་ལ་བཀོད། སྤྱི་ལོ་༧༨༠པ་ལྕགས་འབྲུག་ལོར་ཀླུ་འཕེལ་ས་ཁུལ་དུ་བོད་ཀྱིས་འབྲི་ཆུའི་དམག་སྒར་ཞེས་པ་བཙུགས་ནས་ཤར་ཕྱོགས་སུ་དམག་ཤུགས་རྒྱ་བསྐྱེད་དེ། དེང་དུས་ཡུན་ནན་ས་ཁུལ་གྱི་ས་ཆ་དང་སྡེ་འབངས་མང་པོ་བཟུང་། སྤྱི་ལོ་༦༨༩ལོར་སྔར་བོད་འབངས་སུ་ཡོད་པའི་འཇང་པ་ཚོ་ཁག་རྣམས་ངོ་ལོག་བྱས། སྤྱི་ལོ་༦༩༠ལོར་འཇང་ཡུལ་དུ་དམག་བཏང་། སྤྱི་ལོ་༦༩༢ལོའི་ཡས་མས་ཙམ་བར་རྒྱལ་སྲིད་བསྐྱངས། དེ་ནས་རྒྱས་སྲས་འདུས་སྲོང་མང་རྗེས་དངོས་སུ་རྒྱལ་སྲིད་སྐྱོང་། ཡུམ་ཁྲི་མ་ལོད་ཁྲི་ཟུར་བཞུགས། སྤྱི་ལོ་༧༠༣ལོར་འདུས་སྲོང་མང་རྗེ་འཇང་ཡུལ་དུ་གཡུལ་སར་སྐུ་གཤེགས་སྐབས་ཁྲི་ལྡེ་གཙུག་བརྟན་སྐུ་ན་ཕྲ་བས་སླར་ཡང་ཕྱི་ནང་གི་ཆབ་སྲིད་ཐུགས་འགན་འབྲོ་བཟའ་ཁྲི་མ་ལོད་ཀྱིས་བཞེས། དུས་དེར་བློན་འབངས་ཁག་གཅིག་གིས་ངོ་ལོག་བྱས་པར་དྲག་གནོན་བཏང་བ་དང་། ཁུ་མང་པོ་རྗེ་ལྷ་ཟུང་བློན་ཆེན་པོར་བསྐོ་གཞག་གནང་། འོན་ཀྱང་ཕྱི་མོ་ཁྲི་མ་ལོད་ཀྱི་སྙན་དུ་ཕྲ་མ་བྱུང་བས་རིང་པོར་མ་ལོན་པར་གླིང་རིང་ཚལ་དུ་ཁུ་མང་པོ་རྗེ་ལྷ་ཟུང་ལ་ཁྲིམས་ཉེས་ཕབ་ནས། དེའི་ཚབ་ཏུ་དབས་ཁྲི་གཟིགས་ཞང་ཉེན་བློན་ཆེན་དུ་བསྐོས། གཞན་ཡང་སེ་རིབ་ཅེས་པའི་རྒྱལ་ཕྲན་སོགས་ནས་ངོ་ལོག་བྱས་པ་རྣམས་ཀྱང་དམག་དང་ཁྲིམས་ཀྱིས་མནན་ཅིང་། ས་བྱ་སྤྱི་ལོ་༧༠༩ལོར་སེ་རིབ་ཀྱི་རྒྱལ་པོ་ཡང་གསོན་བཟུང་བྱ་ཐུབ་པ་སོགས་བོད་བཙན་པོའི་ཆབ་སྲིད་ཇེ་བརྟན་དང་། བོད་ཡུལ་བདེ་འཇགས་སུ་གནས་རྒྱུར་མཛད་རྗེས་ཆེན་པོ་བཞག་གནང་ཡོད། ཆུ་བྱི་སྤྱི་ལོ་༧༡༢ ལོར་བཙན་མོ་འབྲོ་བཟའ་ཁྲི་མ་ལོད་སྐུ་འདས་པར་གྲགས། །

     

    卓萨赤玛勒,火鸡年即公元676年国王逝世后卓萨赤玛勒执政,由御前大臣噶尔•贞囊东布和唯•达然空列辅佐。公元679年王子登基。铁龙年即公元780年,在勒配地区吐蕃成立“长江军营”,进一步向东方扩张,占据了今云南大部分地区。公元689年,为吐蕃属民的南诏各部叛变。公元690年,吐蕃攻打南诏。

    卓萨赤玛勒执政一直到公元692年,当年杜松芒布杰正式成王,卓萨赤玛勒卸任。 公元703年君王在南诏地区战场上身亡后卓萨赤玛勒第二次执政,由于王子赤德祖登尚且年幼,所以吐蕃帝国的内外国事都由卓萨赤玛勒治理。那时,吐蕃内部一些臣民叛变,卓萨赤玛勒运筹帷幄,及时平息了风波。她委任芒布杰拉荣为御前大臣,然而不久由于卓萨赤玛勒听信了谗言,处死了御前大臣芒布杰拉荣,又委任唯•赤日项念为御前大臣。那时,也有属国“色日”叛变,但卓萨赤玛勒通过军事和律法平定了叛乱,并于土鸡年即公元709年,俘虏了色日国王。卓萨赤玛勒王妃对促进吐蕃帝国政局的空前稳定与吐蕃的社会安宁繁荣立下了彪炳千秋的伟大功绩。水鸡年即公元712年卓萨赤玛勒王妃逝世。

 

5. རྒྱལ་པོ་འདུས་སྲོང་མང་རྗེའམ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ནི། ཡབ་མང་སྲོང་མང་བཙན་དང༌། ཡུམ་འབྲོ་བཟའ་ཁྲི་ལོད་གཉིས་ཀྱི་སྲས་སུ་སྤྱི་ལོ་༦༧༦པ་མེ་བྱི་ལོར་འཁྲུངས། ལོ་ངོ་བཞི་ལ་སོན་པའི་ས་ཡོས་ཏེ་སྤྱི་ལོ་༦༧༩ལོར་མཚན་ཐོབ་ཙམ་གྱི་རྒྱལ་པོའི་ཁྲི་ལ་འཁོད། སྐུ་གཤེན་སྤེ་ནེ་གུ་ཡིས་མཛད། ཆབ་སྲིད་ཀྱི་འགན་དབང་གཙོ་བོ་མ་ཡུམ་ཁྲི་མ་ལོད་ཀྱིས་བསྐྱངས། སྤྱི་ལོ་༦༨༩ལོར་སྔར་བོད་འབངས་སུ་གྱུར་པའི་འཇང་པ་ཚོ་ཁག་རྣམས་གྱེན་ལོག་བྱས། དེའི་ཕྱི་ལོར་འདུས་སྲོང་མང་རྗེས་དམག་གི་རུ་འདྲེན་མཛད་ནས་འཇང་ཡུལ་དུ་ཕེབས་ཏེ་འཇང་ཕབ། དེ་ནས་བཟུང་རྒྱལ་སྲིད་དངོས་སུ་བསྐྱངས། ལྗང་མོ་ཁྲི་བཙུན་དང༌། མཆིམས་བཟའ་བཙན་མོ་མེ་ཏོག་གཉིས་ཁབ་ཏུ་བཞེས། ལྗང་མོ་ཁྲི་བཙུན་ལ་སྲས་ཆེ་བ་ལྗང་ཚ་ལྷ་དབོན་འཁྲུངས། མཆིམས་བཟའ་ལ་སྲས་ཆུང་བ་མེས་ཨག་ཚོམ་འཁྲུངས། རྒྱལ་པོ་འདིའི་དུས་སུ་མགར་ཁྲི་འབྲིང་སྤུན་མཆེད་ཀྱིས་བོད་ཀྱི་དམག་སྲིད་གཉིས་ཀའི་དབང་ཤུགས་དོན་གཙོ་བོར་བཟུང༌། ཁྲི་འབྲིང་ནི་རྒྱལ་པོའི་ཕོ་བྲང་དུ་སྲིད་ཀྱི་ལས་ལ་བྲེལ་ཅིང༌། ཁོང་གི་མཆེད་ཟླ་རྣམས་ཕྱོགས་ཀྱི་དམག་དཔོན་རྣམས་ལ་བསྐོས། མགར་བཙན་བྲོད་ཀྱིས་ཐང་དང་འབྲེལ་བའི་ཤར་ཕྱོགས་ཀྱི་ས་ཆ་བདག་ཏུ་བཟུང་སྟེ། ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ཐང་རྒྱལ་ཁབ་ཀྱི་ས་མཚམས་ཀྱི་གེགས་སུ་གྱུར། སྤྱི་ལོ་༦༩༩པ་ས་ཕག་ལོར་བཙན་པོ་འདུས་སྲོང་མང་པོ་རྗེས་བློན་ཆེན་ལོན་ཡན་དང་ལྐོག་གྲོས་བྱས་ཏེ་རི་དྭགས་རྔོན་དུ་འགྲོ་བ་ལ་ཁ་གཡར་ནས་དམག་བསྡུས། མགར་ཁྲི་འབྲིང་ཕྱི་ཕྱོགས་སུ་ཡོད་པའི་སྐབས་དང་བསྟུན་ནས་ཁྲི་འབྲིང་དང་སྙིང་ཉེ་བའི་དམག་མི་ཉིས་སྟོང་ལྷག་བཟུང་ནས་བསད། ཕོ་ཉ་བ་མངགས་ཏེ་ཁྲི་འབྲིང་དང་བཙན་བྲོད་གཉིས་རྒྱལ་པོའི་མདུན་དུ་སྐད་བཏང་ཡང༌། ཁྲི་འབྲིང་གིས་དམག་ཤུགས་ལ་བརྟེན་ནས་བཀའ་མ་བརྩིས། དེར་བཙན་པོས་རུ་སྣ་དྲངས་ཏེ་མགར་ལ་དམག་ཕབ། མགར་གྱིས་གཡུལ་མ་སྤྲད་པས་མགར་ཁྲི་འབྲིང་གི་དཔུང་ཐོར། ཁྲི་འབྲིང་གིས་རང་སྲོག་བཅད། ཁོ་ཡི་བློ་ཐུབ་སྙིང་ཉེ་བ་བརྒྱ་ལྷག་ཀྱང་ཉིན་དེར་རང་སྲོག་བཅད་དེ་ཤི། སྤུན་བཙན་བྲོད་དང་། དམག་དཔོན་སྟག་ར་ཁོང་ལོད་གཉིས་ཀྱིས་རང་གི་འཁོར་སྟོང་ཕྲག་གཅིག་ལྷག་དང་གཅེན་པོའི་སྲས་མང་པོ་རྗེ་སྟག་ཚབ་སོགས་ཁྲིད་དེ་ཐང་ལ་མགོ་འདོགས་སུ་ཕྱིན། ཝུའུ་ཙེ་ཐེན་གྱིས་སྐུ་སྲུང་ཆིབས་དམག་མཁར་གྱི་ཕྱི་རོལ་ཏུ་མངགས་ཏེ་བསུ་བ་བྱས། བཙན་བྲོད་ལ་ཧྥུའུ་གོ་དམག་དཔོན་ཆེན་མོ་དང༌། ཞིན་ཡུག་ཝེ་དམག་དཔོན་ཆེན་མོའམ། ཀོས་ཏེ་ཅུན་ཝང་སོགས་ཀྱི་ཆོ་ལོ་སྦྱར་ཅིང༌། སྣེ་ལེན་བཟང་པོ་དང་བཅས་སྐྱེས་མང་པོ་བསྩལ། དེ་ནས་བཙན་བྲོད་ལ་རང་གི་འཁོར་དང་བཅས་ཧུང་ཡོན་ཀུའུ་བྱ་བར་སོང་ནས་བོད་དང་འཐབ་དགོས་པའི་བཀའ་ཕབ། དེ་ནས་དུས་ཡུན་རིན་པོར་མ་ལོན་པར་བཙན་བྲོད་གྲོངས། སྤྱི་ལོ་༧༠༣པ་ཆུ་ཡོས་ལོར་བཙན་པོ་སྐུ་དངོས་ཀྱིས་འཇང་ཡུལ་དུ་དམག་དྲངས་ཏེ་འཇང་པ་རྣམས་ཆམ་ལ་ཕབ། ཡངས་པའི་གཙང་པོ་ལ་ལྕགས་ཟམ་བཙུགས་ཏེ་འཇང་ཏ་ལིའི་གྲོང་བཟུང་། ཐང་ཅིའུ་ཀྲེན་གྱིས་དམག་དཔུང་ཕམ་པར་བཟོས། སྤྱི་ལོ་༧༠༤པ་ཤིང་འབྲུག་ལོར་འཇང་ཡུལ་དུ་སྐུ་གཤེགས། སྐུ་གདུང་བོད་དུ་གདན་དྲངས། བང་སོ་ཡབ་ཀྱི་བང་སོའི་གཡོན་དུ་བརྩིགས་སོ།      

བོད་ཀྱིས་ཡངས་པའི་གཙང་པོའི་ཐོག་ཏུ་ལྕགས་ཟམ་བཙུགས་པའི་དུས་ནི་སྤྱི་ལོ་703པའི་ཆུ་ཡོས་ལོ་ནས་707པའི་མེ་ལུག་ལོའི་བར་གྱི་ལོ་གང་རུང་ཞིག་ཏུ་ཡིན་དགོས་ཏེ། ལྕགས་ཟམ་གཏོར་བའི་དུས་ནི་《ཐང་ཡིག་གསར་མའི་ཀྲུང་ཙུང་གི་རྣམ་ཐར་》 ལས། ལྕགས་ཟམ་གཏོར་བའི་ལོ་ནི་ཐའེ་ཅིའི་ཁྲི་ལོ་དང་པོ་སྟེ་སྤྱི་ལོ712པའི་ལོ་ཡིན་པ་འཁོད་འདུག་ཅིང༌། 《ཏེན་གྱི་གདུང་རབས་》ནང་དུ་ལྕགས་ཟམ་གཏོར་བའི་ལོ་ཚིགས་སྤྱི་ལོ་707པའི་ལོ་དང༌། 712པའི་ལོ་ཡིན་པ་མི་འདྲ་བ་གཉིས་འཁོད་འདུག ། 

ཡང་པིའི་གཙང་པོའི་ལྕགས་ཟམ།

  吐番君王杜松芒布杰,亦称“幻化之王”,其父是先王芒松芒赞,母亲是卓萨赤玛勒王妃,他与火鸡年即公元676年诞生。他年仅四岁,于土兔年即公元679年(按照吐蕃传统算法,他登基时虚岁为4岁)登上王位。他的近身苯教师为贝宁古,由母亲卓萨赤玛勒代为治理国事。公元689年,属国南诏叛变,次年杜松芒布杰亲帅大军攻打南诏,自此他开始正式执政。他迎娶南诏公主赤珍与青•贞穆梅朵为王妃,南诏妃赤珍生下王子,青妃贞穆梅朵生下王子赤德祖登。

    杜j松芒布杰执政初期,吐蕃的军政大权逐渐落入噶尔氏兄弟手中,噶尔赤贞掌控着王宫里的大权,他的兄弟们则控制了吐蕃各军队的指挥权。噶尔贞锥盘踞在与唐朝接壤的地区,成为了三十多年来吐蕃与唐朝边界的“土王爷”。

   土猪年即公元699年,为了除去噶尔氏兄弟这个心腹大患,赞普聂松芒布杰与大臣仑岩秘密商议,假借野外狩猎之口集结军队,乘噶尔赤贞外出,将其党羽将士两千多人斩首,并派信使到噶尔赤贞和噶尔贞锥处,要他们兄弟到国王面前请罪。然而,噶尔赤贞拥兵自重罔顾赞普旨令,赞普率军攻打噶尔部,噶尔赤贞兵败自刎,其心腹几百人亦与其殉亡。

   噶尔赤贞的兄弟噶尔贞锥和大将军达然空列率领部众千余人及其噶尔赤贞的儿子芒布杰达察投靠了唐朝。武则天派出她的禁卫军在唐蕃交界处迎接前来归降的噶尔贞锥,并册封他为辅国大将军、新右卫大将军、归德郡王等头衔。武则天对噶尔贞锥举行了隆重的迎接仪式并赏赐金银财宝等厚礼无数,她让噶尔贞锥驻守“宏岩谷”,令噶尔贞锥抵挡吐蕃大军,不久之后噶尔贞锥病亡。

   水兔年即公元703年,赞普聂松芒布杰亲帅大军攻打南诏,南诏灭亡。吐蕃大军在天堑般的漾濞江上架设铁索桥,渡江攻占南诏首府大理,大败唐九贞率领的军队。木龙年即公元704年,赞普在南诏驾崩,遗体运回藏王墓地,他被葬在父王陵墓左旁。

    吐番大军在漾濞江上架桥时间应该是公元703-707年之间, 因为后来唐军打败吐番军并摧毁铁索桥时间是有两种记载;第一、据《唐书》记载712年。第二、《滇志》记载是707年。

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-12-15 14:21 , Processed in 0.279846 second(s), 21 queries .

返回顶部