博客西藏在最高处过一种生活

白螺声声 དུང་དཀར་ལྷ ... http://blog.tibetcul.com/?16681 [收藏] [复制] [分享] [RSS] 多元文化论坛 སྣ་མང་རིག་གནས་གླེང་སྟེགས།

日志

རྨི་ལམ་ནས་ཤར་བའི་སྙིང་གཏམ

已有 111 次阅读2019-8-11 09:55 |个人分类:即兴诗语|系统分类:文学

བོད་མཐའ་ནས་ཡོང་བའི་ལྷ་བྱ
སྐྱིད་དཀར་པོའི་ཐང་འདིར་བབས་བྱུང
མི་དཀར་པོ་རྣམས་ལ་མཐོང་ནས
དགེ་སེམས་པ་ཡང་ཡང་ཤར་བྱུང

བྲག་དཀར་པོའི་རྩེ་ནས་བཞེངས་བའི
མི་དཀར་པོ་རྣམས་ཀྱི་དད་པ
ནུབ་བོད་པ་ཡོངས་ཀྱི་བྱམས་སེམས
ཤར་དཔའ་རིས་བྲག་བཞིན་བརྟན་པོ

ང་དཔའ་རིས་བུ་ཆུང་དཀར་པོ
དཔའ་བོའི་ཡུལ་ནས་འཁོར་ཡོང
རིག་ལྔ་མེད་ཅེས་གསུང་རུང
དཔའ་སྟོབས་མེད་ཅེས་མ་གསུང


དཔྱིད་ཀ་མ་ཐོན་གོང་ལ
ཡིད་ནས་སྤྲིན་དཀར་ཤར་བྱུང
རི་བོ་ཕར་གྱི་ཟླ་བ་
ག་ཚོད་འདི་ནས་ཤར་ཡོང


ཐག་རིང་ནས་ཡོང་བའི་ངོ་མོས
གསར་བུ་ངའི་སེམས་པར་མ་དཀྲུགས
བདེ་མཚོའུ་འདི་ལ་དཀྲུགས་ན
ངའི་སྡོམ་པ་གློ་བར་ཤོར་འགྲོ


དྲན་གླུ
རང་སེམས་སོང་བའི་བུ་མོ།།
རྨི་ལམ་ནང་དུ་བཞུགས་འདུག།།
ཚེ་འདི་མཐུན་པ་མ་བྱུང།།
ཚེ་ཕྱི་སླར་མཇལ་ཨེ་ཐུབ྄།།

ཕ་ཡུལ།། 
རང་སེམས་འཁོར་ཕྱོགས་ཕ་ས།།
མེ་ཏོག་སེར་ཆེན་བཞད་ས།།
ཆུང་དུས་རྩེད་རོགས་འཛོམས་ས།།
གངས་བུའི་སྙིང་གཏམ་བཤད་ས།།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-12-5 23:38 , Processed in 0.026007 second(s), 21 queries .

返回顶部