博客西藏在最高处过一种生活

日志

今日拉达克(图片)

热度 3已有 445 次阅读2018-9-16 15:39 |系统分类:见闻

          最近民俗摄影家人为峰发表了《印控克什米尔游记》组图,这里转帖部分照片,与大家分享。拉达克大家比较熟悉,拉达克曾经是西藏的属地,吐蕃瓦解后朗达玛的后人在这里建立了拉达克王国,后来被腐败无能的清廷丢掉了。拉达克现在是印度克什米尔邦的一个地区。拉达克现在的地位相当于我们的昌都地区。列城是拉达克的首府。       拉达克靠近巴基斯坦,也靠近我国的西藏阿里地区,新藏公路紧靠拉达克,战略地位十分重要。62年中国和印度曾经在这一地区干过一仗,随着最近中印的争执,这里仍然是中印关系的敏感、热点地区。从图片上看拉达克人仍然坚守着自己的传统文化和精神家园。
     


发表评论 评论 (4 个评论)

回复 黑颈鹤 2018-9-18 11:54
ལ་དྭགས། ཀཤི་སྨིར་མངའ་སྡེ།  སླེལ་མཁར། པ་ཀི་སི་ཐན། ཐུ་བྷོད། དར་མ་ཨུ་དུམ་བཙན།
回复 pari 2018-10-2 00:43
ལ་དྭགས་དགེ་བཤེས་བློ་བཟང་འཇམ་དཔལ་ནས།Columbia University,New York,2008
བློ་བཟང་འཇམ་དཔལ་ང་སྐྱེས་ས་ལུང་པ་ལ་བ་མགོའམ། ཁ་སྐད་དུ། བ་སྒོ་ཟེར། མི་ཚང་མིང་ལ་བ་སྒོ་གྲོང་དཔོན་ཟེར།

སྔོན་དུས་བ་སྒོ་དེ་ལ་དྭགས་ཀྱི་རྒྱལ་ས་ཡིན། བཀའ་འགྱུར་བྲིས་མ་ཆ་ཚང་དང་། གསེར་ཡིག་བྲིས་མ་ཁ་འཐོར་ལྷག་མ་པོ་ཐི་བཞི་བཅུ་ཙམ་འདུག་ཟེར། གད་པའི་སྒང་ན། སྔོན་གྱི་མཁར་རྫོང་ཞིག་རལ་རྙིང་པ་དང་། བྱམས་པའི་ལྷ་ཁང་གསུམ་ད་ལྟ་ཡང་ཡོད། བྱམས་པ་ལྷ་ཁང་དང་། གསེར་སྦྱངས་དང་། བྱམས་ཆུང་ཟེར། བྱམས་པ་དང་། བྱམས་ཆུང་གི་ལྡེབས་བྲིས་ན། རྒྱལ་བ་ཙོང་ཁ་པ་དང་། དམ་ཅན་ཆོས་རྒྱལ་སོགས་བཞུགས།
གསེར་སྦྱངས་ཀྱི་བྱམས་པ་ཟངས་ནག་བརྡུངས་དེ་རྒྱལ་པོ་འཇམ་དབྱངས་རྒྱལ་གྱི་དུས་སུ་གྲུབ། རྒྱལ་པོ་དེ་ཡི་བཙུན་མོ། རྒྱལ་མོ་ཁ་ཏུན་ཞེས་པ་མུ་སུལ་མན་གྱི་ཆོས་ལུགས་མས་གསེར་གསོལ་པ་དང་། ཁྲ་རྒྱན་རྣམས་ཕུལ་ཏེ། འབྲུག་པ་བཀའ་བརྒྱུད་བླ་མ་སྟག་ཚང་རས་པས་རབ་གནས་མཛད། ལོ་ངོ་༤༠༠་ལྷག་གི་གཏམ་རྙིང་པ་ཡིན།
རྒྱལ་པོ་འཇམ་དབྱངས་རྣམ་རྒྱལ་གྱིས་བླ་མ་སྟག་ཚང་རས་པ་ཟངས་དཀར་དུ་མཇལ། རྒྱལ་པོས། ང་ཡང་འབྲུག་པ་བཀའ་བརྒྱུད་པའི་སྦྱིན་བདག་ཡིན། ལ་དྭགས་ལ་ཕེབས་དགོས་ཞུས། བླ་མ་སྟག་ཚང་རིན་པོ་ཆེས་ད་ལྟ་ང་ཨུ་རྒྱན་དུ་གནས་མཇལ་དུ། བླ་མའི་བཀའ་དགོངས་ལྟར་འགྲོ་དགོས་ཡོད། དེ་ནས་ལོག་ནས་ལ་དྭགས་སུ་འོང་ངེས་གསུངས། ལོ་གཅིག་རྗེས་སུ་བླ་མ་སྟག་ཚང་བ་མགོར་ཕེབས་དུས། རྒྱལ་པོ་འཇམ་དབྱངས་མེད་པར་རྒྱལ་མོ་ཁ་ཏུན་དང་། རྒྱལ་བུ་གཉིས་ལ་དབང་བསྐུར་མཛད། རྒྱལ་བུ་གཉིས་ནི། སེང་གེ་རྣམ་རྒྱལ་དང་། ནོར་བུ་རྣམ་རྒྱལ་གཉིས་ལགས།
རྒྱལ་པོ་འཇམ་དབྱངས་ཇི་ལྟར་དང་། ག་རུ་སྐུ་གཤེགས་པ་ད་བར་དུ་རྩད་མ་ཆོད། སེང་གེ་རྣམ་རྒྱལ་དང་། ནོར་བུ་རྣམ་རྒྱལ་གཉིས་ལ་དྭགས་ཀྱི་རྒྱལ་པོར་བྱེད་པར་འགྲན་ཟླ་ཡོད་པར་དེའི་སྐུ་དྲག་ཟེར་བ་དག་གིས་བྱས། སྟག་ཚང་རིན་པོ་ཆེས་ཆིངས་སྒྲིག་མཛད་ནས། སེང་གེ་རྣམ་རྒྱལ་གྲྭ་པ་མཛད་ནས་། དགོན་པར་བཞུགས་རྒྱུ་དང་། ནོར་བུ་རྣམ་རྒྱལ་ལ་དྭགས་ཀྱི་རྒྱལ་པོ་བྱེད་རྒྱུ་ཡིན་པའི་མཆིངས་སྒྲིག་པར་མཛད། འོན་ཀྱང་། རྒྱལ་སྲས་ནོར་བུ་རྣམ་རྒྱལ་དེ་ཉིད།  ལ་དྭགས་སྐུ་དྲག་ངན་པ་འགས་འདས་བཀྲོངས་བྱས་པས། རྒྱལ་སྲས་སེང་གེ་རྣམ་རྒྱལ་ལ་དྭགས་ཀྱི་རྒྱལ་པོར་བྱེད་དགོས་བྱུང་། ཞེས་སྟག་ཚང་རིན་པོ་ཆེའི་རྣམ་ཐར་ན་གསལ།
        རྒྱལ་པོ་སེང་གེ་རྣམ་རྒྱལ་ཁྲི་བརྩེགས་དགེ་ལུགས་དགོན་པར་མི་དགའ་བར་ཆགས། རྒྱལ་པོས། སྟག་ཚང་རིན་པོ་ཆེར་དགོན་པ་དེ་བཀའ་བརྒྱུད་པའི་དགོན་པར་བསྒྱུར་དགོས་ཞུས། སྟག་ཚང་རིན་པོ་ཆེས། དགོན་པ་དེའི་དགེ་འདུན་རྣམས་ཐུགས་མོས་ཀྱིས་བཀའ་བརྒྱུད་པར་མཛད་ན་མ་གཏོགས། དབང་ཡོད་ཀྱིས་མི་བྱེད་གསུངས། རྒྱལ་པོས། དེ་ཙུག་ཡིན་ན། ཁྲི་བརྩེགས་དགོན་པ་དེ། དམག་སྒར་དུ་བསྒྱུར་ངེས་ཡིན་ཞུས་པ་ན། སྟག་ཚང་རིན་པོ་ཆེས། དེ་ལྟར་ཡིན་ན། སངས་རྒྱས་ཀྱི་བསྟན་པ་བཤིགས་པར་འགྲོ། བསམ་བློ་གཏང་དགོས། ཞེས་སྟག་ཚང་རིན་པོ་ཆེའི་རྣམ་ཐར་ན་གསལ།
        རྒྱལ་མོ་ཁ་ཏུན་གྱི་སྐུ་ཚེ་མཇུག་གི་མཛད་པ་རྣམས་སྟག་ཚང་རིན་པོ་ཆེའི་རྣམ་ཐར་ན་མི་གསལ་བ་དེ་ཡ་མཚན་པ་ཞིག་ཏུ་མཐོང་དགོས།
རྒྱལ་མོ་འདི་ཆོས་ཡོངས་ལ་བརྩི་མཁན་གྱི་མུ་སུལ་མན་ཞིག་བཞུགས། ལ་དྭགས་མི་མངས་ཀྱིས། རྗེ་བཙུན་སྒྲོལ་དཀར་གྱི་སྤྲུལ་པ་ཞེས། ལ་དྭགས་རྒྱལ་རབས་འཆི་མེད་གཏེར་ན། ཡོ་སེབ་དགེ་རྒན་གྱིས་བྲིས།
        གོང་གསལ།  བ་མགོའི་བྱམས་པ་རྣམ་གསུམ་ན། བྱམས་ཆུང་ལྷ་ཁང་དེ། ཕྱི་ལོགས་དེ་མུ་སུལ་མན་གྱི་ཆོས་ཁང་དང་། ནང་དུ་བྱམས་པའི་སྐུ་འདྲ་དང་། ལྡེབས་བྲིས་ན། རྒྱལ་བ་ཙོང་ཁ་པ་དང་། དགེ་ལུགས་པའི་གསང་བདེ་འཇིགས་གསུམ་བཅས་བཞུགས། རྒྱལ་མོ་ཁ་ཏུན་གྱི་དགོངས་པ་བཞིན་སྐུ་གཤེགས་རྗེས་སུ། སེང་གི་རྣམ་རྒྱལ་གྱི་དུས་སུ་བཞེངས་སམ་སྙམ། སེང་གེ་རྣམ་རྒྱལ་གྱིས་རང་གི་མ་ཡུམ་དགོངས་རྫོགས་ལ་དགེ་ལུགས་པའི་བླ་མ་མཐོ་ཤོས་༧པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་བསྔོ་རྟེན་རྒྱ་ཆེན་པོ་ཕུལ་ཅེས་ལ་དྭགས་རྒྱལ་རབས་ན་གསལ།
སེང་གེ་རྣམ་རྒྱལ་རང་གི་རྩ་བའི་བླ་མ། སྟག་ཚང་རིན་པོ་ཆེར་རྒྱལ་མོ་ཁ་ཏུན་ཕྱིར་བསྔོ་རྟེན་ཕུལ་ཡོད་མེད། རྒྱལ་རབས་དང་། རྣམ་ཐར་ན་བྲིས་པ་ཞིག་མ་མཐོང་།
        སེང་གེ་རྣམ་རྣམ་རྒྱལ་གྱིས་མངའ་རིས་སྐོར་གསུམ་གྱི་གྲས། གུ་གེའི་ཡུལ་དུ། ལ་དྭགས་ཀྱི་དམག་དྲངས། གུ་གེའི་རྒྱལ་བརྒྱུད་རྩ་་མེད་བཟོས་༐ ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་ཞེས་བོད་རྒྱལ་རབས་སུ་མིང་ངན་པ་ཐོགས།
        དོན་དུ། གུ་གེ་རྒྱལ་ཁབ་ཉམས་རྒུད་ཆགས་པ་དེ། ཆུ་དཀོན་པ་ལས་བྱུང་། དེའི་དུས་སུ། ཨི་ཏ་ལི་རྒྱལ་ཁབ་ཀྱི་ཡེ་ཤུའི་ལུགས་ཀྱི་ཆོས་སྤེལ་མཁན་ཞིག་གུ་གེར་སླེབས། གུ་གེའི་རྒྱལ་པོའི་ནང་ཚང་དེ་ཉིད་ཡེ་ཤུའི་ཆོས་ལུགས་པ་གྱུར་པའམ། འགྱུར་བ་ལ་མངོན་དུ་ཕྱོགས་པ་དེ་ཡིས། གནས་ལུགས་ངན་པ་དེ་ལྟར་བྱུང་།  
        གུ་གེའི་རྒྱལ་བརྒྱུད་རྩ་མེད་བྱས་པའི་རྗེས་སུ། སེང་གེ་རྣམ་རྣམ་རྒྱལ་ལམ་བར་དུ་སྐུ་གཤེགས། དགོངས་རྫོགས་ཀྱི་དགེ་བར་དམིགས་ཏེ།  ཤེ་མཁར་དུ་ཐུབ་པ་སངས་རྒྱས་ཀྱི་སྐུ་འདྲ་གསེར་ཟངས་ལས་གྲུབ་པ་ལ་ཤེའི་ཐུབ་པ་ཞེས་པ་བཞུགས་སོ།
        དེ་རྗེས་སུ། དགའ་ལྡན་ཚེ་དབང་གིས་མགོ་འཁྲིད་འོག་བོད་དམག་ལ་དྭགས་སུ་སླེབས། བ་མགོ་པས་དེ་ལ་སོག་དམག་ཟེར། ལོ་གསུམ་རིང་བ་མགོའི་མཁར་དུ་བསྐོར་ནས། བསྡད། ཟན་མེད་པར་མི་མངས་ཕྱི་ལོགས་སུ་འབྱུང་བའི་རེ་བ་བྱས་ཀྱང་། རྗེས་སུ་ལ་དྭགས་ནས་བོད་དམག་འཐེན་དགོས་བྱུང་། དགའ་ལྡན་ཚེ་དབང་གི་སྐྱེ་བ། མི་དབང་བསོད་ནམས་སྟོབས་རྒྱལ་ཞེས་པ་སྟོབས་ཤུགས་དང་། བྱུས་བཟང་པོ་ཡོད་པ་ཞིག་བྱུང་ངོ་།

ལ་དྭགས་ཀྱི་རྒྱལ་བརྒྱུད་སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་གསུམ་ལ་མངའ་རིས་བགོས་ཏེ་སྩལ་པའི་སྟོད་ཀྱི་མགོན་གསུམ་གྱི་བརྒྱུད་པ་དེ། བོད་ཀྱི་རྒྱལ་པོའི་བརྒྱུད་པ་ལགས་ཀྱང་། མི་མངས་ལ་ལྟ་རྟོག་ལེགས་པ་མེད་རྐྱེན་གྱིས། སྤྱི་ལོ་༡༨༣༤་ལ། ཇམ་མུ་རྒྱལ་པའི་དམག་མིས་ལ་དྭགས་རྒྱལ་ཁབ་ལ་དབང་བསྒྱུར་བྱས།                 དམག་རྒྱབ་པའི་དུས་ལ་ལ་དྭགས་ཀྱི་དགོན་པ་ལྷ་ཁང་སོགས་ལ་གནོད་སྐྱོན་ཆེན་པོ་བྱུང་ཡང་། ཇམ་མུ་རྒྱལ་པོའི་ཁྲིམས་ལེགས་པས། མི་མངས་ལ་གནོད་སྐྱོན་མེད་པ་ཡིན།
དེ་ནས་སྤྱི་ལོ་༡༩༤༧་རྒྱ་གར་ལ་ཨིན་ཇིའི་འོག་ནས་རང་དབང་ཐོབ།   
        དེ་ནས་ལ་དྭགས་དང་། ཟངས་དཀར། གནུབས་རྭ། བྱང་ཐང་བཅས་བསྡོམས་ན་ཡང་། རྒྱ་གར་གྱི་ལུགས་ལྟར་མི་གྲངས་འབོར་གྱིས་རྫོང་ཁག་ལོངས་པ་མེད་ཀྱང་། ས་གཞི་རྒྱ་ཆེ་བས། གོང་གསལ་ཡུལ་ལྗོངས་སྡོམས་པ་ལ། ལ་དྭགས་ཞེས་མིང་བཏགས་ཏེ། རྒྱ་གར་ལུགས་ཀྱི་རྫོང་ཁག་སྟེ། ཇམ་མུ་དང་ཀ་ཤྨིར་ཞེས་པའི་རྒྱལ་སྲིད་ཁོངས་སུ་བསྡུས། མི་མངས་ལ་རང་དབང་ཡོད་པས།  མི་མངས་ནས་འོས་བབས་འཕེན་ཤོག་གི་ཡུལ་གྱི་མགོ་བྱེད་པ་སྐོ་བའི་ཁྲིམས་ཆགས་སོ།
回复 pari 2018-10-3 05:37
ལ་དྭགས་དགེ་བཤེས་བློ་བཟང་འཇམ་དཔལ་ནས།Columbia University,New York,2008.纽约哥伦比亚大学教授,拉达克格西洛桑嘉帕.
回复 雪域猛禽 2018-10-9 11:53
欣赏了。很高兴地看到藏族在世界范围内都有零散的分布,特别是吐蕃势力范畴内的广大地区藏族分布最广,这些地方依然保留着藏族传统文化,承传着几千年来的民族风俗。由此可见,当年吐蕃是很强大的,是所向披靡的。

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-10-23 03:12 , Processed in 0.292740 second(s), 22 queries .

返回顶部