博客西藏在最高处过一种生活

གངས་ཕྲུག་ཀུན་དག ... http://blog.tibetcul.com/?15267 [收藏] [复制] [分享] [RSS] གངས་ལྷ་མེ་ཏོག་ལ་རེ་བའི་རྣམ་ཤེས།

日志

༄༅། །མཚན་མོ་འདི་འདི་ལྟར་སྐྱེལ་དགོས་ཨང་། .. ...

热度 4已有 4112 次阅读2012-8-18 16:05 |系统分类:心情| tbkunga

 

 

ཟླ་འོད་མེད་པའི་མཚན་མོ་འདི།

བསམ་གཞིགས་དང་འཆར་ཡན་གྱི་ཀློང་དུ་འཐིམ་ཞིང་།

སྐྱོ་གདུང་གིས་མནར་བའི་རྣམ་ཤེས་ཀྱང་།

བེམ་ལུས་དང་བྲལ་ནས་ཕྱོགས་ངེས་མེད་དུ་འཁྱམས།

 

ལན་རེར་ན་ཟུག་གི་སྙན་ངག་ཐར་ཐོར་རེ་འབྲི་འདོད་ཀྱང་།

མཚམས་རེར་ཁེར་རྐྱང་གི་སྡུག་གླུ་ཕྲ་མོ་རེ་ལེན་འདོད་ཀྱང་།

ཟླ་བ་མེད་པས........

 

ང་དེ་ལྟར་བློ་ཕམ་བྱུང་། ངོ་གནོངས་བྱུང་།

དེ་བས་ཕམ་ཁ་དང་གནོངས་འགྱོད་ཀྱི་ཁྲོད་ནས།

ཟླ་བ།  ཁྱོད་ངའི་བླ་སྲོག་ཡིན་པ་སྟེས་དབང་དུ་གྲུབ་ཟིན།

 

རེད་ལགས། རེད། ནོར་མེད།

ཁྱོད་ངའི་རྨི་ལམ་གྱི་བདག་མོ་ཡིན་ལ།

ངའི་འཚོ་བའི་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད།

འོན་ཀྱང་།   ལས་དབང་གི་བཀག་རྒྱ་ཞིག་གིས།

ཁྱོད་དང་འུ་གཉིས་ནོར་འཁྲུལ་དང་རྒྱུ་རྐྱེན་མེད་པར།

ཐ་དད་ཀྱི་ཁོར་ཡུག་ཏུ་ལྷུང་ཙ་ན།

ངས་བརྗོད་འདོད་པའི་སྙིང་གཏམ་མང་པོ་ཞིག་ཁོག་ཏུ་སྦས་ཏེ།

ངས་ལེན་འདོད་པའི་གླུ་ཆུང་ཕྲ་མོ་ཞིག་མགྲིན་དུ་བསྐུང་སྟེ།

 

མཚན་མོ་འདི་འདི་ལྟར་སྐྱེལ་དགོས་ཨང་།

 

                                  ༢༠༡༠ལོའི་ཟླ་བ་༡༡པའི་ཚེས་༡༡ཉིན། པེ་ཅིན་དུ་བྲིས།

发表评论 评论 (4 个评论)

回复 jiayangf 2012-8-18 21:34
ཕ་ས་ཕ་ཡུལ་ན་སྡོད་སྐབས།། འབྲོག་མོའི་དུང་སེམས་དེ་མ་ཤིས།།
རྒྱང་རིང་ཡུལ་གྲུ་ཞིག་འགྲུམ་དུས།། སྐྱི་དཀར་རྒྱ་མོ་ལས་མི་འདུག།
回复 sheep 2012-8-19 21:44
ཡིག་གཟུགས་ཆེ་རུ་གཏོང་དགོས། ཧ་ཧ་ཧ་
回复 高原雄鹰扎西 2012-9-3 17:04
ལུས་དང་འབྲལ་མེད་དུ་ཡོད་པ།། བྱིན་ཅན་སྲུང་འཁོར་དེ་ཡིན་པ།།
གྲོགས་ཀྱང་དེ་འདྲ་ཞིག་ཡོད་ཚེ།།ནམ་ཡང་མགུལ་དུ་རང་བཏགས་ཆོག།
回复 扎西央 2013-3-31 18:05
མཚན་མོ་ཇི་ལྟར་རིང་ཡང་། ནམ་གསལ་ཡོང་།   སྨག་མུན་ཇི་ལྟར་སྟུག་ཀྱང་།  འོད་ཀྱིས་བསལ།

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-6-26 14:05 , Processed in 0.027212 second(s), 22 queries .

返回顶部