ཆོས་འབྲོག་ཉི་མ་ ... http://blog.tibetcul.com/?14690 [收藏] [复制] [分享] [RSS] 西藏著名建筑大师和藏戏创史师祖塘东杰博的正统后裔、藏族作家和藏学学者

日志

རི་བོང་གིས་སྟག་མོར་བཙན་གཡེམ་བཏང་བ། ... ...

已有 96 次阅读2020-6-10 19:06 |个人分类:嘿马拉雅文化发展促进会|系统分类:文学

རི་བོང་གིས་སྟག་མོར་བཙན་གཡེམ་བཏང་བ།

  སྔོན་ལུང་པ་ཞིག་གི་ཕུ་ན་སྟག་མོའི་ཚང་ཞིག་ཡོད་པ་དང་། དེའི་ཉེ་འདབས་སུ་རི་བོང་གི་སྡོད་གནས་ས་ཁུང་ཞིག་ཀྱང་ཡོད་པ་རེད། སྟག་མོ་དེས་ཞར་དང་ཞོར་ལ་རི་བོང་དེ་ས་ཁུང་ནང་ཡར་འཛུལ་མར་ཐོན་བྱེད་སྐབས་ཟ་རྩིས་བྱེད་ཀྱི་ཡོད་ནའང་། རི་བོང་ནི་བྲོས་ནས་ས་ཁུང་ཆུང་ཆུང་ནང་འཛུལ་འགྲོ་གི་ཡོད་པས། སྟག་མོ་ས་ཁུང་ནང་འཛུལ་ཐབས་བྲལ་ནས་རི་བོང་རྟག་པར་སྟག་མོའི་ཁ་ནས་ཐར་གྱི་ཡོད་པས། མཐར་སྟག་མོ་ནི་བློ་ཐག་རྦད་དེ་ཆོད་ནས་རི་བོང་ཟ་རྩིས་ཀྱི་བསམ་ཚུལ་བློས་བཏང་བ་ཡིན་པ་རེད། འོན་ཀྱང་རི་བོང་གི་བསམ་བློའི་གཏིང་ནས་སྟག་མོས་དེ་སྔོན་ཐེངས་མང་བཪྙས་བཅོས་ཀྱིས་ཁོ་པ་ཟ་བར་ཡོང་བར་འཁོན་སེམས་དྲག་པོ་ཡོད་པས། ཕྱིས་སུ་སྟག་མོས་རི་བོང་ཟ་རྩིས་བྱེད་པར་ཡོང་གི་མེད་ནའང་། རི་བོང་གི་བསམ་བློའི་ནང་གང་ལྟར་སྟག་མོར་གཟུགས་པོའི་རྩལ་སྟོབས་ཀྱི་ཐོག་ནས་འཁོན་ལན་སློག་ཐབས་བྲལ་ཀྱང་རང་གི་བློ་གྲོས་ལ་བརྟེན་ནས་སྟག་མོར་བཪྙས་བཅོས་ཀྱིས་སྙིང་ནད་སངས་ཐུབ་པ་ཞིག་བྱེད་རྒྱུའི་ཆེད་དུ་རི་བོང་གིས་ས་ཁུང་གི་མདའ་ནས་རི་བོང་ཁོ་རང་ཕུ་ལས་ཕྱིར་ཐོན་ས་ཡོད་ཅིང་། ས་ཁུང་གི་མདའ་ཡི་ཁ་དེ་ནས་སྟག་མོའི་ལུས་སྟོད་འཛུལ་ཐུབ་ཞིག་བཟོས་ཏེ། སྟག་ཚང་དུ་ཐེངས་འགའ་སོང་ནས་སྟག་ཕྲུག་རྣམས་ལ་སྟག་མོ་ཨ་མ་བསྡད་ཡོད་དམ་ཞེས་དང་། སྟག་མོ་ཨ་མ་གང་དུ་ཕྱིན་སོང་ངམ་ཞེས་དྲིས་པར་སྟག་ཕྲུག་རྣམས་ཀྱིས་བསྡད་མེད། ལུང་པའི་ཕུ་ལ་ལྟོ་འཚོལ་དུ་སོང་ཞེས་ཟེར། སྟག་ཕྲུག་རྣམས་ཀྱིས་དེ་རྗེས་ཁྱེད་རང་རྟག་པར་སྟག་མོ་ཨ་མ་འཚོལ་དུ་ཡོང་དགོས་དོན་གང་ཡིན་ནམ་ཞེས་དྲིས་པར། རི་བོང་གིས་ང་སྟག་མོ་ཨ་མར་གཅིག་བྱེད་དགོས་བསམ་གྱི་འདུག་ཅེས་བརྗོད་པས། སྟག་ཕྲུག་རྣམས་ཀྱིས་ཀྱང་སྟག་མོ་ཨ་མར་རི་བོང་གིས་བཤད་པ་རྣམས་ཞིབ་ཅིང་ཕྲ་བ་བརྗོད་པའི་ཚེ། སྟག་མོ་ཨ་མ་རི་བོང་ལ་ཁོང་ཁྲོ་རབ་ཏུ་ལངས་ནས་ཉིན་ཞིག་སྟག་ཚང་ནང་དུ་རི་བོང་སྒུག་སྟེ་བསྡད་པ་རེད། རི་བོང་སླར་ཡང་ཡོང་ནས་སྟག་ཕྲུག་རྣམས་ལ་ཝ་ཡེ་དེ་རིང་སྟག་མོ་ཨ་མ་བསྡད་ཡོད་དམ་ཞེས་དྲིས་ཡོང་བ་སྟག་མོ་ཨ་མས་ཐོས་མ་ཐག ལྟས་ངན་བརྒྱད་བཅུ་རྩ་བཞི་ཚང་བ་ཁྱོད་ཀྱིས་ང་ལ་གཅིག་བྱེད་དགོས་བསམ་བྱུང་ཟེར་བ་མ་རེད་དམ། ད་ཤོག་དང་ཞེས་ངར་ནས་ཐོན་ཡོང་བས། རི་བོང་གིས་བྲོས་ཏེ་ས་ཁུང་དེའི་ནང་དུ་འཛུལ་པ་དང་། སྟག་མོ་ཡང་ང་རྒྱལ་ཆེན་པོས་རི་བོང་གི་རྗེས་ལ་ས་ཁུང་ནང་འཛུལ་ཡོང་སྐབས། སྟག་མོའི་མགོ་བོ་དང་ལུས་སྟོད་ས་ཁུང་ནང་འཛུལ་བ་དང་། ལུས་སྨད་ས་ཁུང་གི་ཕྱི་ལ་ལུས་པའི་དུས་སུ་རི་བོང་གིས་ས་ཁུང་གི་ཕུ་ནས་ཕྱི་ལ་ཐོན་ཡོང་ནས་སྟག་མོའི་ལུས་སྨད་ལ་བཞོན་ནས་ལྟས་ངན་བརྒྱད་བཅུ་རྩ་བཞི་ཚང་བས་སྟག་མོ་ཨ་མར་གཅིག་བྱེད་དགོས་བསམ་པ་འདི་ལྟར་བྱེད་ཅེས་སྟག་མོར་བཙན་གཡེམ་བཏང་བར་གྲགས་སོ།།།།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-9 04:53 , Processed in 0.056997 second(s), 21 queries .

返回顶部