博客西藏在最高处过一种生活

日志

纪念平措--论及藏人现实道统

热度 1已有 106 次阅读2018-3-31 02:55 |系统分类:见闻

རྒྱུ་འབྲས་བསླུ་བ་མེད་ནོ་ང་ཆོའི་ཨ་ཁུ་ཆོས་གཞུང་ལུགས་ཀིས་བསྒྲུབས་བཏང་ཀི་ར། རྒྱ་ནག་ཀུང་གྱ་སང་ཀིས་ལག་ལེན་གིས་བསྒྲུབས་བཏང་ཀི
སྔར་སྡེ་བར་འགྱོ་དུས་རྒད་པོ་རྒོད་པོ་ལྔ་བརྒྱད་བརྒྱུད་བཏང་ནི་ཟིག་གི་སྐད་ཆ་ད་རུང་ཡིན་རུང་རྣ་མཆོག་ན་ལྷང་ལྷང་དྲན་གི
ཉེ་རབས་བོད་ཀི་ལོ་རྒྱུས་ཕལ་ཆེར་ཉན་སོང་ན་ད་དེ་མོ་འདྲ་རེད།
མེ་ཀེར་སི་ཐན་གིས་དེ་འདྲ་ཡིན་ནོའི་ལོ་རྒྱུས་ཕྱོགས་སྡོམ་ར་བཞག་བཏང་ཐལ། མདོར་ན་
ཆོས་ཀྱི་རྒྱུ་འབྲས་བསླུ་བ་མེད་ནའང་།
ལུགས་ཀྱི་རྒྱུ་འབྲས་མེད་ན་སྡུག་གྱོང་རེད།
སེར་མོའི་ཐར་བ་ཕལ་ཆེར་ཐེག་ཆུང་ཙམ།
ཁྱིམ་སྐྱ་མ་ཐར་ཀུན་ཐར་རྨི་ལམ་ཙམ།

དེའང་ཏང་གི་ལུགས་འདི་ལག་ལེན་ལས།
ངེས་བ་དོན་གྱི་ཚོང་གི་རྒྱུ་འབྲས་རྨོངས།
སྔོན་ཕྱུག་ཐར་བ་ཕལ་ཆེར་རུལ་སུངས་ཙམ།
མེད་པོ་མ་ཐར་ཀུན་ཐར་རྨི་ལམ་ཙམ།

མདོར་ན་ཀུན་ཐར་བཙན་པོ་ཚང་མ་རྫུ།
ཐོག་མར་རང་ཁྱིམ་ཐར་རྗེས་ཁྱིམ་མཚེས་ཐར།
དེ་ནས་རང་ཚོང་དར་རྗེས་སྤྱི་ཚོང་དར།
མཐའ་མར་སྡེ་ཁྲིམས་བཀོད་རྗེས་རྒྱལ་ཁྲིམས་བཞག

དེ་བས་འཇིག་རྟེན་འདི་ན་མི་བསླུ་བཞི།
རྟེན་འབྲེལ་རྒྱུ་འབྲས་མི་བསླུ་གཞི་རྩ་བཅས།
འཇིག་རྟེན་ད་མ་འཕྲལ་ཕགས་དོན་ཡོད་གཉེར།
མི་གཞི་ཚན་རིག་ཡོན་ཏན་ཀུན་གྱི་སྒོ

ཚོང་ཁྲོམ་རྒྱུ་འབྲས་མི་བསླུ་ཁེ་རྩ་བཅས།
ཁྲོམ་རའི་འགྲན་རྩོད་མི་འཇིགས་དྲང་བདེན་སྐྱོང་།
གཞན་ཕན་ལྷག་བསམ་དཀར་པོས་རང་ཕན་འཚོལ།
ཟག་བཅས་དངོས་བོ་ཆད་པའི་སྡུག་བསྔལ་སེལ།

ཁྱིམ་ཚང་རྒྱུ་འབྲས་མི་བསླུ་མི་རྩ་བཅས།
ཕོ་མོ་འགན་གཏོད་ཕ་མ་ཚད་ལྡན་སྐྱོང་།
རིགས་རུས་ཆོ་འབྲིང་ཁྱིམ་མཚེས་མཉམ་པར་བསྐྱངས།
རྒུད་ཚེ་འཁོར་འཛིན་དར་ཚེ་དཔོན་བཟང་བརྩོན།

ཁྲིམས་ལུགས་རྒྱུ་འབྲས་མི་བསླུ་དབང་རྩ་བཅས།
མི་ལ་ཡིད་རྟོན་སྟེར་ནུས་ཕྱི་ཐག་རིང་།
གྲོགས་ལ་དྲང་ཞིང་ཤག་ལ་ཕན་ཐོགས་པ།
ཡུན་རིང་ན་ཟླའི་གྲས་ནས་གཟུ་བོར་གནས།

འདི་བཞི་དེང་རབས་བོད་ཀྱི་དད་ཤིང་ཉན།
མཐོ་རྒྱག་དམའ་རྒྱག་མཁས་བླུན་རྩོད་པ་མིན།
ཕུགས་བསམ་དོན་དངོས་གཉིས་ཀྱི་དབུ་མ་ལམ།
ཐམས་ཅད་མཐུན་པར་སྒྲིལ་བའི་མན་ངག་ཡིན།

发表评论 评论 (1 个评论)

回复 丹正嘉的blog 2018-4-1 17:05
འདི་བཞི་དེང་རབས་བོད་ཀྱི་དད་ཤིང་ཉན།
མཐོ་རྒྱག་དམའ་རྒྱག་མཁས་བླུན་རྩོད་པ་མིན།
ཕུགས་བསམ་དོན་དངོས་གཉིས་ཀྱི་དབུ་མ་ལམ།
ཐམས་ཅད་མཐུན་པར་སྒྲིལ་བའི་མན་ངག་ཡིན།

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-7-21 15:22 , Processed in 0.280011 second(s), 22 queries .

返回顶部