博客西藏在最高处过一种生活

日志

རྨ་ཆུའི་ཁུག་པ་གསུམ།

已有 119 次阅读2019-1-19 15:17 |系统分类:文化

རྨ་ཆུ་འདི་ལ་ཁུག་པ་གསུམ།                      མྱིག་གཅོད་ཀྱིས

   རྒྱ་ཡིག་གི་ཡིག་ཚང་སོགས་སུ་རྨ་ཆུར་ཁུགས་སོ་མང་བོ་ཡོད་ཅེས་ཟེར་མོད། བོད་ཀྱི་མཁས་པ་ཚོས་ཡོངས་གྲགས་སུ་ཁུག་པ་གསུམ་ཟེར། དཔེར་ན་<<གླིང་སྒྲུང་>>ལས། རྨ་ཆུ་འདི་ལ་ཁུག་པ་གསུམ།། དང་བོ་གླིང་གི་ས་སྐལ་ཡིན།། ཞེས་རྨ་ཆུ་ལ་ཁུག་པ་གསུམ་ཡོད་པ་དང་། ཁུག་པ་དང་བོ་གླིང་གི་ས་སྐལ་ཡིན་ཟེར་རོ། 

   (  <<མདོ་སྨད་ཆོས་འབྱུང་>>དུ། དེ་ཡང་བྰ་ཡན་ཧ་རིའི་ཁ་ཚུར་བལྟའི་ཆུ་རྣམས་རྨ་གཡང་ཕྱུག་མོའི་གཞུང་དུ་འབབ་པ་རྨ་ཆུའི་མགོ་ཡིན་ཡིན་ལ། དེ་ནས་ལྷོ་ངོས་སུ་འབབ་པ་གཉན་པོ་གཡུ་རྩེའི་གཡོན་ནས་ཐོན།རིམ་གྱིས་བྱང་དུ་འཁྱོག་པ་དཀར་དབུར་རྐ་ཆུ་དང་།ཚ་གན་བེ་ཤིང་གི་མདུན་ནས་དམེ་ཆུ་འདྲེས་ཏེ་ནུབ་ངོས་དྲང་བོར་བགྲོད་པའི་ཁུག་སོ་གཅིག

  ( ཁ )  གཤི་མདོ་དང་རྩེ་མདོར་གཤི་ཆུ་དང་རྩེ་ཆུ་འདྲེས་ཤིང་། རྭ་རྒྱ་ནས་སླར་ཡང་བྱང་དུ་འབབ་པ་འབལ་མདོ་ནས་ཤར་ངོས་དྲང་བོར་འབབ་པའི་ཁུག་སོ་གཅིག 

  ( ག )  ལོ་ཀྱ་ཏུན་ངོས་ནས་བྱང་དུ་འཁྱོག་པ་རིམ་གྱིས་ཤར་དུ་རྒྱ་ནག་གི་ཞིང་ས་བཅུ་གསུམ་གྱི་ནང་ཚན་ལན་ཇུའི་མཁར་མོ་ཆེའི་མདུན་ལ་བྱས་སོག་ཡུལ་དུ་འབབ་བོ། ཞེས་ཁུག་སོ་གསུམ་ཆགས་ཚུལ་གསལ་བོར་གསུངས་སོ།།

སྔ་དུས་ཁུག་པ་གསུམ་དུ་བོད་སྡེ་ཆགས་པའོ།།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-4-20 08:13 , Processed in 0.047588 second(s), 21 queries .

返回顶部