博客西藏在最高处过一种生活

日志

བོད་ཡུལ་དུ་ཨེ་ཛིའི་ནད་དྲིལ་སྒྲོག་བྱ་དགོས ...

已有 33 次阅读2018-12-5 12:19 |系统分类:慈善

1.  འཁྲིག་སྦྱོར་གྱི་སྤྱོད་ལམ་བརྒྱུད་དེ་འགོ་བ་སྟེ།  འགན་སྲུང་ཅི་ཡང་མེད་པར་འཁྲིག་སྦྱོར་བྱེད་པ་དང་།  འཁྲིག་སྦྱོར་བྱ་ཡུལ་མང་ཞིང་མཚན་མཐུན་འཁྲིག་སྦྱོར་བྱེད་པ་བཅས་སོ། །

2.  ཁྲག་གཤེར་བརྒྱུད་དེ་འགོ་བ་སྟེ།  ཐུན་མོང་གིས་དུག་སེལ་མ་བྱས་པའི་སྨན་ཁབ་རྒྱག་བྱེད་ཀྱི་སྦུ་གུ་དང་ཁབ་མགོ་སྤྱད་དེ་དུ་ནག་འཐེན་པ་སོགས་སོ། །

3. མ་བུ་བརྒྱུད་ནས་འགོ་བ་སྟེ།   ཨེ་ཙི་ནད་ཅན་གྱི་བུད་མེད་ཀྱིས་མངལ་སྦྲུམ་པ་དང་ཕྲུ་གུ་བཙའ་བ།  ནུ་ཞོ་ལྡུད་པ་སོགས་ཀྱིས་ཀྱང་ཕྲུ་གུ་ལ་ཨེ་ཙི་ནད་ཀྱི་ནད་དུག་འགོ་སྲིད།

4.   བརྒྱུད་ལམ་གཞན་ཏེ།   སྐྲ་བཞར་བ།  ལུས་ལ་རི་མོ་བརྐོ་བ།  གདོང་གི་རྣམ་པ་མཛེས་བཟོ་བྱེད་པ།   རྣ་ཕུག་པ།  རྐང་བའི་སེན་མོ་འདྲ་བྱེད་སོགས་ཡོ་བྱད་གང་རུང་ལ་དུག་སེལ་མ་བྱས་པ་ལས་འགོ་བ་མ་ཟད།  མི་གཞན་པའི་ཁ་སྤུ་བཞར་ཆས་དང་སོ་འཁྲུད་བྱད་སོགས་ལས་ཀྱང་འགོ་སྲིད།  དེ་མིན་རྨས་སྐྱོན་དང་རྒྱག་རེས་བྱས་པའི་རྨ་ཁ་བརྣག་པ་སྨན་བཅོས་བྱེད་སྐབས་ནད་པའི་ཁྲག་སྨན་བཅོས་བྱེད་མཁན་གྱི་རྨ་ཁ་གང་རུང་ལ་རེག་པས་ཀྱང་འགོ་སྲིད་དོ། །

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-12-12 04:17 , Processed in 2.527739 second(s), 21 queries .

返回顶部