博客西藏在最高处过一种生活

日志

ཀན་ལྷོའི་ལོ་བརྒྱ་ཅན་གྱི་མི་བཅོ་བརྒྱད། ... ...

已有 130 次阅读2018-10-21 23:14 |系统分类:信仰

        ༢༠༡༨ལོ་ཀན་ལྷོ་ཁུལ་ཡོངས་སུ་མི་ཁྲི་དོན་གཉིས་ཡོད། དེའི་ནང་དུ་ལོ་བརྒྱ་ལོན་པའི་མི་བཅོ་བརྒྱད་ཡོད། ཕོ་གཉིས་དང་མོ་བཅུ་དྲུག་ཡོད། ལོ་ན་ཆེས་ཆེ་བ་དེ་ལོ་༡༡༧ཡིན། བོད་རིགས་༡༤དང་ཧེ་རིགས་༣  རྒྱ་རིགས་༡བཅས་ཡོད།  རྨ་ཆུ་ལ་༦ཡོད། ཚང་མ་བུད་མེད་ཡིན། ཐེ་བོར་༤ཡོད། ཕོ་༡དང་མོ་༣ཡིན། བསང་ཆུ་ལ་༣ཡོད། ཕོ་༡དང་མོ་༢ཡིན། དེའི་ནང་དུ་ཧེ་རིགས་བུད་མེད་གཅིག་ཡོད། དེ་ནས་ཀླུ་ཆུར་བུད་མེད་༡   ཅོ་ནེ་ལ་བུད་མེད་༡  འབྲུག་ཆུར་བུད་མེད་༡ རྒྱ་རིགས། གཙོས་གྲོང་ལ་བུད་མེད་༡ ཧེ་རིགས།  བ་ཙེ་ལ་བུད་མེད་༡ ཧེ་རིགས། ཁོ་ཚོར་ཚེ་བསོད་རྒྱས་པར་རྟེནའབྲེལ་ཞུ་རྒྱུ་མ་ཟད་མན་ངག་རེ་ཡང་ཤེས་ན་འདོད།  འཕྲོད་སྦྱོར་བསྟེན་ཤེས་ན་སྦྲ་ནག་ནང་ནས་ཚེ་རིང་འབྱུང་། ཀན་ལྷོ་ལ་མི་ཁྲི་༧༢ཡོད། ལོ་བརྒྱ་ལོན་པ་༡༨་མ་གཏོགས་མེད་པས་ཤིན་ཏུ་ཉུང་བ་རེད། ཡིན་ཡང་རྨ་ཆུའི་དངུལ་རྭ་དང་དབལ་པན་ཚང་གཉིས་ལ་ཚེ་རིང་བའི་ས་ཁུལ་གྱི་ཆོ་ལོ་གནང་ཆོག་པ་རེད།  མི་ཁྲི་གཅིག་གི་ནང་དུ་ལོ་བརྒྱ་ཅན་གཉིས་ཡོད་དུས་ཚེ་རིང་བའི་ས་ཁུལ་ཞེས་འབོད་ཆོག་པའོ།། ཚེ་ལོ་༡༡༧ཅན་གྱི་བསང་ཆུ་རྫོང་སྒྱིས་ཚང་ཡུལ་ཚོའི་སྦྱིན་པ་རྒྱ་མཚོ་ལ་རྟེན་འབྲེལ་ཞུ། རྨ་ཆུ་རྫོངལ་མི་གྲངས་མང་རྒྱུ་མེད་ནའང་ལོ་ལོན་ཆེས་མང་བའི་ས་ཆར་གྱུར་འདུག། དགའ་་བ་ལ་སྐྱིད་པ་ལ། ན་ནིང་ངེད་ཅག་མཛོད་དགེ་ཉིན་མའི་གཡང་ནོར་ཀུང་སུ་ཚང་གིས་སྒོར་མོ་མང་བོ་བཏང་ནས་ལོ་ལོན་ཚོར་འཚམས་འདྲི་གནང་བས་ས་ཁུལ་གཞན་ལ་བཟང་ཕྱོགས་ནས་ཤུགས་རྐྱེན་ཐེབས་ཡོད། ཞེས་དགའ་མྱིག་གཅོད་ཀྱིས་༢༠༡༨ལོའི་སྤྱི་ཟླ་༡༠ཚེས་༢༠ལ་རྨ་ཆུ་ནས། 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-12-12 05:15 , Processed in 0.268618 second(s), 21 queries .

返回顶部