博客西藏在最高处过一种生活

日志

2018-05-01

已有 199 次阅读2018-5-1 11:00 |系统分类:教育

                                 རྩོམ་ཡིག་གཤིབ་བསྡུར། 
                                  
                                     མྱིག་གཅོད།
    
རིག་གསར་གྱི་སྐབས་སུ་་དཔེ་དེབ་བཟང་ཤོས་སུ་བརྩི་བའི་<<ལུའུ་ཞུན་གྱི་གཏམ་གླེང་འདེམ་བསྒྲིགས>>་ཅེས་པར་བལྟས་རྗེས་གློ་བུར་དུ་ཚིག་འགའ་ཡིད་ལ་འཁོར་བྱུང་། ལུའུ་ཞུན་གྱིས། <<ཐོག་ཁང་དམར་པོའི་རྨི་ལམ>>་སྒོར་ཐོན་རྗེས། སྲོལ་རྒྱུན་གྱི་བསམ་བློ་དང་འབྲི་སྟངས་ཡོད་ཚད་གཏོར་བ་རེད་ཅེས་གསུངས། གོང་གི་དོན་དེ་ལ་འདང་ཞིག་བརྒྱབ་དུས། དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་སྒོར་ཐོན་རྗེས་བོད་ཀྱི་སྲོལ་རྒྱུན་གྱི་བཅད་ལྷུག་སྤེལ་མའི་རྟོགས་བརྗོད་འབྲི་སྟངས་ཀྱང་ཐོར་སོང་བ་རེད་སྙམ་བྱུང་། ཚང་མས་བསམ་བློ་ཐོངས་དང་དེ་འདྲ་ཞིག་ཡིན་ནམ། རྩོ་གཡིག་འབྲི་བར་རྒྱུན་དུ་དཔེ་གཟིགས་བྱེད་དགོས། རང་ཕྱོགས་དང་གཞན་ཕྱོགས་ཀྱི་རྩོམ་ཡིག་གཉིས་ཀར་གཟིགས་ན་ད་གཟོད་བློ་སྒོ་འབྱེད་ཐུབ་སྟེ། ལུའུ་ཞུན་གྱིས། ང་ཚོས་དཔེ་གཟིགས་བྱེད་དུས་ཚུར་ལ་རྒོལ་གཏམ་བྱས་པའི་རྩོམ་ཡིག་ལ་གཟིགས་དགོས། ནམ་ཡིན་ཡང་རང་ལུགས་གཅིག་པའི་ཚོགས་ཁག་གི་རྩོམ་ལ་གཟིགས་ནས་སྣང་བ་སྐྱིད་པོ་བྱེད་པ་དང་ཁེ་ཕན་རེ་བཙལ་ནས་སྡོད་མི་འོས་ཞེས་གསུངས་པ་ལྟར་རོ།། 
    
      ༡༩༨༣ལོ་ཀན་ལྷོ་མི་རིགས་སློབ་གྲྭ་ནས་ཕྱིར་མཛོད་དགེ་ཉིན་མའི་སློབ་གྲྭར་ཡོང་སྟེ་སྔར་བཞིན་དགེ་རྒན་བྱས། ལོ་དེའི་སྟོན་ཀ་རྩོམ་ཡིག་ཤོ་ལོ་ཀ་ཁ་ཤས་བྲིས་ཏེ་ཀན་ལྷོའི་བོད་ཡིག་གསར་འགྱུར་དུ་བཀོད། དེ་ནས་བཟུང་རྩོམ་ཡིག་འབྲི་བའི་འགོ་བརྩམས་པ་ཡིན། དེ་དུས་ང་རང་ལོ་བཅུ་དགུ་ཡིན་པ་འདྲ། དམིགས་ཡུལ་ཡང་མང་བོ་ཡོད་པ་མ་རེད། རྩོམ་ཡིག་འབྲི་བ་ནི་རྩོམ་ཡོན་ལེན་པའི་ཆེད་ཡིན་པ་ལས་དམིགས་ཡུལ་གཞན་པ་ཞིག་ཡོད་ཚོད་མི་འདུག ཉིན་རེ་བཞིན་ཟ་ཁང་ལས་ཐུག་པ་ཞིམ་པོ་ཞིག་བཏུང་ཞོར་དུ་གློག་བརྙན་ལ་བལྟས། དེ་ལས་སྐྱིད་པོ་ཞིག་འཇིག་རྟེན་དུ་ཡོད་པ་མ་རེད་སྙམ། དགོངས་མོ་སློབ་ཁྲིད་གྲ་སྒྲིག་སྐོར་གྱི་རྩོམ་ཡིག་རྩོམ་ཡིག་རེ་འབྲི་བ་དང་དཔེ་གཟིགས་རེ་བྱེད་པ་ནི་རྒྱུན་ལྡན་གྱི་འཚོ་བའི་གོམས་གཤིས་སུ་ཆགས།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-11-14 06:19 , Processed in 0.312929 second(s), 21 queries .

返回顶部