博客西藏在最高处过一种生活

日志

ལོ་རྒྱུས་ཤོག་ལྷེ་འགའ་ལ་ལན་དུ་སྤྲེངས་པ། ...

已有 1085 次阅读2017-8-27 22:05 |系统分类:见解

        ལོ་རྒྱུས་ཤོག་ལྷེ་འགའ་མཐོང་བར་དཔྱད་གཏམ་དུ་སྤེལ་བ།
          ༢༠༡༧ལོའི་ཟླ༧ཚེས༡༥ཉིན། ལྷ་མཆོག་རྒྱལ་དང་འབྲུག་ཐར་གྱིས་རྩོམ་སྒྲིག་བྱས་པའི་<<ཀན་ལྷོའི་བོད་རིགས་ཚོ་ཁག་གི་སྤྱི་ཚོགས་དང་རིག་གནས>>་ཞེས་པའི་ལོ་རྒྱུས་དཔེ་ཆ་དེ་ལ་ཞིབ་ལྟ་ཞིག་བྱས་པ་ཡིན། བལྟས་ཚར་དུས་ནོར་བ་མང་བོ་ཞིག་ཀྱང་མཐོང་བྱུང་། འདི་དག་བཏང་སྙོམས་སུ་བཞག་པ་ཡིན་ན་ཕྱི་རབས་པར་གོ་ལོག་ཐེབས་འགྲོ་བས་འདིར་ཅུང་ཙམ་གླེང་བར་འདོད། 

         གཅིག  མགོ་ནས་མཇུག་བར་དུ་ཚོ་བ་དང་ཤོག་ཁ་གཉིས་ལ་ཁྱད་པར་ཅི་ཡང་མེད་པར་ཡོད་ཚད་ལ་ཤོག་ཁ་ཞེས་ར་མགོ་ལུག་སྦྱར་བྱས་འདུག

         གཉིས རྒྱ་ཡིག་ཏུ་བྲིས་པའི་མིང་བོད་ཡིག་ཏུ་བསྒྱུར་དུས་སྒྲ་ཡོངས་སུ་འགྱུར་བ། དཔེར་ན་བྱེ་གཤོང་ལ་རྒྱ་ཡིག་ཏུ་西强ཞེས་བྲིས་འདུག་པ། བོད་ཡིག་ཏུ་ཞི་ཆུང་ཞེས་བསྒྱུར་འདུག མུ་ར་དང་བྱེ་གཤོང། དམེ་སྐོར་གསུམ་ལ་ཚོ་བ་ཆེན་པོ་རེ་ཡི་ཆོ་ལོ་གནང་སྟེ་ཧ་མི་གོ་བ་རེ་བྲིས་འདུག་ལ་ནུར་མ་གོང་འགབ་སོགས་ཀྱི་མིང་ཙམ་ཡང་འཁོད་མི་འདུག

        གསུམ། ཁྲོ་ཁོ་ཆུ་ཁ་མའི་སྐོར་གླེང་སྐབས། མིང་འདི་འདྲ་རེ་བྲིས་འདུག “གོ་ཚ། མགོ་ཆེན། བར་དབྱེ། ཀྱེ་ལེགས། མགོན་པོ། བསྐལ་ཁོ། དེར་ཕུ་ཐོ་མ། གདུགས་དཀར། རུ་རོ། ཆོས་རྗེ་མ། ལྕོག་ཤུལ་སོགས་གོ་བརྡ་མི་འཕྲོད་མང་བོ་བྲིས་འདུག ཡིན་ཡང་རེ་རེ་བཞིན་བརྗོད་དགོས་དོན་མི་འདུག་སྟེ་རྨ་ཆུ་རྫོང་གི་ས་མིང་ཞིབ་བཤེར་རེའུ་མིག་ལ་ལྟོས་དང་གསལ་ནི་རེད། 

       བཞི།  “སྤྱི་ལོ་༡༧༧༥ལོ་རྨུ་ར་ཚོ་བའི་བསྟན་རྒྱལ་གྱིས་སྦྱིན་བདག་བྱས་ཏེ་བླ་བྲང་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚེས་བརྒྱད་དང་བཅོ་ལྔའི་སྦྱིན་བདག་མཛད། དུས་དེ་ནས་བཟུང་རྨུ་ར་ཚོ་བ་བླ་བྲང་དགོན་པའི་ལྷ་སྡེའི་ནང་ཚན་དུ་གྱུར།”ཞེས་བྱུང་བ་ཁུངས་གང་ལ་གཏུག་དགོས།

      ལྔ། “དངུལ་རྭ་ལྷ་སྡེ་ཐོག་མར་ཆགས་སྐབས་སྐྱབས་མགོན་མཆོག་གིས། མཛོད་དགེ་ཉིན་མའི་དཔོན་པོ་ལྷ་གོ་དང་མགོན་ཚེ། བསོད་ནམས་གསུམ་གྱིས་དེ་རྣམས་ལ་དོ་དམ་བྱས་ཏེ་དངུལ་རྭ་ཚོ་བ་གསུམ་བྱུང་”ཞེས་དོན་ནོར་བས་མི་ཚད་མི་ཡི་མིང་ཡང་ནོར་འདུག དངུལ་རྭ་ལྷ་སྡེ་ནི་༡༧༧༧ལོ་མཛོད་དགེ་གླིང་བའི་ཧོ་བཟའི་རུ་སྐོར་ཁོངས་ནས་བུད་དེ་སྡེ་བ་རང་མགོ་མ་ཞིག་ཏུ་གྱུར། དེང་སང་ཡང་མཛོད་དགེ་གླིང་བ་ན་ཧོ་སྐོར་རུ་ཞེས་སྡེ་བ་ཆེན་པོ་ཞིག་ཡོད་པ་རེད། མཛོད་དགེ་ཉིན་མ་ནི་༡༨༣༣ལོའི་རྗེས་ནས་བྱུང་བ་ཡིན་པས་དངུལ་རྭ་ལྷ་སྡེ་ཆགས་སྐབས་མཛོད་དགེ་ཉིན་མ་ཞེས་སྡེ་བ་རང་མགོ་མ་ཞིག་ཡོད་ཚོད་མི་འདུག མཛོད་དགེ་ཉིན་མ་ནི་མཛོད་དགེའི་འགྱུར་མེད་ཀྱི་རུ་སྡེ་ཡིན་ཞིང་གླིང་བའི་ཨ་བུ་རུ་ནས་ཆད་པ་རེད། དེང་སང་ཡང་གླིང་བ་ན་ཨ་བུ་རུ་ཟེར་བ་ཡོད་པ་རེད།

      དྲུག དངུལ་རྭ་ལྷ་སྡེ་གླེང་སྐབས་ངོ་མ་སྐྱིད་པོ་དག་དག་བྲིས་འདུག

“ཐེ་ཇི།ཐོར་ཧོ། ལྕོག་ཤུལ། གསེར་ལུང་སྡེ་བ། ཨ་མྱེས་སྡེ་བ། དེར་ཁག་ཁ། འབྲུག་རོ། བུ་སྐྱེལ། སྐྱིད་པོ་རུ་སྐོར། རྡོ་ཚང་། ཁ་ཕྱུག་”སོགས་མང་བོ་ཡོད་པས་རེ་རེ་བཞིན་བྲིས་མེད། དངུལ་རྭ་རང་གི་མི་ཞིག་གིས་ཀྱང་ཧ་གོ་རྒྱུ་མ་རེད། དེ་ནས་མཛོད་དགེ་ཉིན་མའི་སྐོར་གླེང་དུས། ཧོ་བཟའ་ལ་ཧོར་བཟའ། རྨོག་རུ་ལ་མུ་ར། མཚམས་རིང་ལ་ཚ་རོང་། མཛོད་དགེ་ཨ་བུ་ལ་ཨ་ཕོ། ཧོར་བཟའ་ལ་བུ་གསུམ་བྱུང་། ཆེ་བ་གཙང་ཞེས་རྒྱལ་ནོར་བ། `མཛོད་དགེ་ལེགས་ལྡན་ལ་ལེགས་བསྟན། མཁར་གྱི་སྐོར་གླེང་སྐབས། “དབུས་རུམ་ཞོལ་མོ་དང་། ཞ་བུ། ཞོལ་ཞ། བྲག་དམར། མཁར་ལ་ཆེན། མཁར་བླ་རིང་།”    ཡང་“ཆིན་རྒྱལ་རབས་ཀྱི་དུས་མཇུག་དང་མི་སེར་རྒྱལ་ཁབ་ཚུགས་ཁར་མཛོད་དགེ་ཉིན་མ་ཚོ་བ་དྲུག་པོ་ཀུན་མཁྱེན་གྱི་ལྷ་སྡེར་གྱུར།” ཞེས་པ་ནོར་བ་ཡིན་ཏེ། མཛོད་དགེ་ཉིན་མ་ནི་༡༨༣༣ལོ་ཚུགས་པ་དང་༡༨༥༣ལོ་བླ་བྲང་གི་ལྷ་སྡེར་གྱུར་བ་རེད། དེ་ནས་བཟུང་ལྷ་སྡེ་ཉིན་སྲིབ་ཅེས་པའི་ཐ་སྙད་བྱུང་བ་རེད་ཅེས་དངུལ་འཇམ་གྱི་རྩོམ་དུ་གསལ། དངུལ་རྭ་ལྷ་སྡེ་དང་མཛོད་དགེ་ཉིན་མ་གཉིས་མཛོད་དགེ་གླིང་བའི་ཁོངས་ནས་ཆད་པ་དེ་ཤེས་དགོས།རྒྱ་ཡིག་གི་ཡིག་ཆ་ཐ་ཐོར་རྣམས་ལ་དཔྱད་པ་མི་གཏོང་བར་ལག་ལ་ཡོང་ཚད་བསྒྱུར་ན་འདི་ལྟར་གོ་བརྡ་མི་འཕྲོད་པ་ཞིག་ཏུ་གྱུར་བ་མ་ཡིན་ནམ། མི་སེར་རྒྱལ་ཁབ་ཚུགས་པའི་ལོ་ནས་བརྩིས་ན་(༡༩༡༡)ལོ་དྲུག་ཅུ་ཙམ་གྱི་བར་ཐག་ཡོད། ཡང་སློབ་དཔོན་ཆེན་མོ་ལྷ་མཆོག་རྒྱལ་གྱིས་བརྩམས་པའི་རྩོམ་དུ་གཞུང་དཔོན་ལམ་ལུགས་ཅེས་པ་དེ་སྲིད་གཞུང་ལ་ངོས་འཛིན་ནམ་ཡང་ན་དགོན་པར་ངོས་འཛིན། དགོན་པར་ངོས་འཛིན་དགོས་པ་ཡིན་ན་དགོན་པ་ནི་སྲིད་གཞུང་མ་ཡིན་པས་གཞུང་དཔོན་གྱི་ཐོབ་མེད་ལ། སྲིད་གཞུང་ལ་ངོས་འཛིན་དགོས་པ་ཡིན་ན་ལྷ་སྡེ་ཁག་གི་འགོ་བ་ནི་བླ་བྲང་དགོན་པས་བསྐོས་པ་ཡིན་པས་མིང་ཐོགས་རྒྱུ་མ་རེད། ལྷ་སྡེ་ཁག་གི་འགོ་བར་གཞུང་དཔོན་ཞེས་མིང་གསར་བ་ཞིག་འདོགས་དོན་ཅི་ཡིན། སློབ་དཔོན་ཆེན་མོ་ཚོ་རྒྱ་གྲོང་དུ་བསྡད་དེ་དཔྱད་པ་གང་ཡང་མི་གཏོང་བར་ཚོ་བ་ཤོག་ཁ་སོགས་ལ་མིང་གསར་བ་རེ་འདོགས་དོན་ཅི་ཡིན་ཆ་མ་འཚལ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-9-19 19:19 , Processed in 0.286215 second(s), 21 queries .

返回顶部