日志

སྨད་མ་ལ་ཁྲོ་ཁོ་ཟེར་དགོས་པ།

已有 350 次阅读2016-3-8 17:02 |系统分类:传媒

    སྨད་མ་ལ་ཁྲོ་ཁོ་ཟེར་དགོས་པ།
                                     མྱིག་གཅོད།
  ཁྲོ་ཁོ་ནི་ལོ་རྒྱུས་ཀྱི་ཁུངས་བཙན་ཞིང་རིན་ཐང་ཡོད་པའི་ཡུལ་མིང་ཞིག་རེད། སྨད་མ་ཞེས་པ་ནི་སའི་ཆགས་དབྱིབས་ལ་བརྟེན་ནས་བཏགས་པ་ཞིག་རེད། ༡༩༥༥ལོ་རྨ་ཆུ་རྫོང་ཚུགས་སྐབས་ད་ལྟའི་སྨད་མ་དང་མཚེ་རུ་མ་སོགས་ལ་ཁྲོ་ཁོ་ཡུལ་ཚོ་ཞེས་ཟེར། ཡིན་ཡང་༡༩༦༢ལོ་རྨ་ཆུ་དང་ཀླུ་ཆུ་གཉིས་ཁ་ཁ་སོ་སོ་བྱས་ནས་རྨ་ཆུ་རྫོང་ཞེས་པ་ཡང་བསྐྱར་ཚུགས་སྐབས་སྨད་མ་དང་མཚེ་རུ་མ་ཞེས་ཡུལ་ཚོ་གཉིས་བྱུང་། དེ་དང་མཉམ་དུ་ཁྲོ་ཁོ་ཞེས་པའི་ཐ་སྙད་རིན་ཐང་ཅན་པོ་བཀོལ་སྤྱོད་མེད་པར་གྱུར། དེང་གི་ཁྲོ་ཁོའི་མི་ཞིག་ལ་ཁྱོད་གང་གི་ཡིན་ཞེས་དྲིས་དུས། ང་སྨད་མ་ནས་ཡིན་ཟེར་བ་ལས་ཁྲོ་ཁོ་ནས་ཡིན་ཟེར་མཁན་ཉུང་ཉུང་རེད། དེ་བས་ཡུལ་ཚོ་འདི་ཡི་མིང་ལ་ཡང་བསྐྱར་ཁྲོ་ཁོ་ཞེས་བཏགས་ན་འགྲིག་པར་འདོད། ལོ་རྒྱུས་ཐོག་གི་ཁྲོ་ཁོ་ཁ་གསུམ་དང་། དེ་ནས་ཚོ་བ་དྲུག་གམ་ཤོག་ཁ་དྲུག་ཟེར་བ་སོགས་བྱུང་ནའང་། དུས་ཕྱིས་ཁྲོ་ཁོ་ཞེས་པ་ཁྲོ་ཁོ་སྨད་མར་གོ་བ་རེད། དེའི་ཕྱིར། ད་ཆ་ཁྲོ་ཁོ་ཡུལ་ཚོའམ་ཁྲོ་ཁོ་སྨད་མ་ཡུལ་ཚོ་ཞེས་འབོད་རྒྱུ་བྱུང་ན། ཁྲོ་ཁོ་ཞེས་པའི་མི་སྡེ་འདི་ཡི་ལོ་རྒྱུས་རྒྱུན་མཐུད་ཐུབ་པ་དང་དྲན་པ་སླར་གསོ་བཅས་ལ་ཕན་པ་ཡོད་དོ།།གཙོ་བོ་ཁྲོ་ཁོ་རྣམས་ཀྱིས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-1-18 06:04 , Processed in 0.026475 second(s), 20 queries .

返回顶部