日志

མཛོད་དགེ་ཚོ་ཆེན་གསུམ་ལས་ཨ་མ་ལྟ་བུ་དེ་སུ་ ...

热度 3已有 891 次阅读2015-11-24 20:55 |系统分类:传媒

                                             མཛོད་དགེ་ཚོ་ཆེན་གསུམ་ལས་ཨ་མ་ལྟ་བུ་སུ་ཡིན་སྐོར།   
                                                                                     མྱིག་གཅོད།
         དེ་ཡང་མདོ་སྨད་ལོ་རྒྱུས་ཆེན་མོ་ལས། “བོད་ཀྱི་ལོ་རྒྱུས་ལས་མཛོད་དགེ་ཆགས་ཡུལ་བཤད་པ་ནི།རྨ་ཆེན་གངས་འདབས་ནས་འབབ་པའི་རྨ་ཆུ་དང་། སྐ་བར་སྟག་རྩེ་ནས་འབབ་པའི་སྐ་ཆུ། རྨེ་ཁོག་ནས་འབབ་པའི་རྨེ་ཆུ་བཅས་ཀྱི་འབབ་རྒྱུད་ཀྱི་སྤང་ལྗོངས་ཉམས་དགའ་བའི་ཡུལ་ཁམས་ཆེན་པོ་ལ་མངའ་བདག་ཁྲི་རལ་གྱི་བློན་པོ་དགའ་ཡེ་ཤེས་དར་རྒྱས་ཀྱི་རིགས་རྒྱུད། མཛོད་དགེ་དགེ་འདུན་བྱ་བའི་མངའ་བསྒྱུར་བའི་ས་ཡིན་པས།མཛོད་དགེ་ཞེས་འབོད་པ་བྱུང་ཞིང་།ཕྱིས་གླིང་རྗེ་གེ་སར་རྒྱལ་བོས་དབང་བསྒྱུར་བའི་ཡུལ་ཡིན་པས་མཛོད་དགེ་གླིང་དཀར་སྟོད་ཅེས་གྲགས་པ་ཡིན་ནོ།།”
         མདོ་སྨད་ལྷོ་རྒྱུད་ཀྱི་ཡུལ་འདིར་མཛོད་དགེ་ཤོག་ཁ་བཅུ་གཉིས་དང་།མཛོད་དགེ་ཉིན་མ། མཛོད་དགེ་སྨད་མའམ་མཛོད་དགེ་དམེ་བོ་སྟེ་མཛོད་དགེའི་མིང་གིས་འབོད་པ་སྟེ་ཆགས་ཡུལ་མི་འདྲ་བའི་སྡེ་ཚོ་ཆེན་པོ་གསུམ་ཡོད་ཀྱང་དེ་དག་གི་ཐོག་མའི་དཔོན་རྒྱུད་དང་མི་རྒྱུད་མང་བོ་ཞིག་གི་རིགས་རུས་མཆེད་ཁུངས་གཅིག་པའི་ལོ་རྒྱུས་གང་སྐབས་སུ་བབས་པའི་ཐད་དུ་བྲིས་ཡོད་ལ།མཛོད་དགེ་དེ་གསུམ་གྱི་མཆེད་ཁུངས་ཨ་མ་ལྟ་བུ་ནི་མཛོད་དགེ་ཤོག་བཅུ་གཉིས་ཀྱི་ཡུལ་འདི་ཡིན་ནོ།།”
         མཛོད་དགེའི་རིགས་ལ་དགའ་རིགས་སུ་འབོད་དོན་ནི།སྔར་བོད་ཀྱི་རྒྱལ་རིགས་ཤིག་ལ་བུ་མེད་ནས་སེམས་མ་དགའ་བར་གཉན་ཆེན་ཐང་ལྷ་སོགས་ཡུལ་ལྷ་གཉན་པོ་ཁག་ལ་གསོལ་བ་བཏབ་པས།དེའི་རིགས་རྒྱུད་ལ་དགའ་རིགས་སུ་འབོད་པ་བྱུང་།དེར་བརྟེན་བོད་ཀྱི་རུས་ཆེན་ཕྱི་མོ་བཞིའི་ནང་གི་སྒ་དང་འདི་བའི་དགའ་གཉིས་སྒྲ་གདངས་འདྲ་བ་ཙམ་ལས་དོན་དག་ཤིན་ཏུ་མི་འདྲ་བ་ཤེས་པར་བྱའོ།།”
          དེ་ལ་རང་གི་བསམ་ཚུལ་ཞིག་གླེང་ན།མཛོད་དགེ་ཡི་སའི་ལྟེ་བ་གང་ཡིན་དེ་ལ་བཤད་རྒྱུ་འགའ་རེ་མཆིས། པན་ཆེན་དཔལ་ལྡན་ཡེ་ཤེས་མཆོག་རྒྱ་ཕེབས་ཀྱི་སྐབས་ཀུན་མཁྱེན་འཇིགས་མེད་དབང་བོ་ཚང་ལ། 
”སྔོན་གླིང་རྗེ་གེ་སར་གྱིས་བཟུང་བའི་ཡུལ་མཛོད་དགེ་ཕྱོགས་དེ་མི་རབས་དུ་མར་འདུག་ཀྱང་། ད་ཕན་ཆད་གང་འདྲ་ཡོང་མི་ཤེས་དེའི་ས་གནད་ཟིན་ས་ཞིག་ཏུ་དགོན་པ་ཞིག་བྱུང་ན་ཕན་ཐོགས་ཡོད་པ་འདྲ་སྟེ་ཁྱོད་ཀྱིས་དགོན་པ་ཞིག་ཐོབ་ཅེས་བཀའ་གནང་ཐུགས་ལ་བཏགས་”ཏེ་ཚ་གན་པེ་ཤིང་དགོན་བཏབ།རྗེས་སུ་མཛོད་དགེ་ལ་ནང་བཤིག་བྱུང་རྗེས་ཡུལ་འདི་མཛོད་དགེའི་འགྱུར་མེད་ལ་ཐོབ།ཉིན་ཕྱོགས་ན་ཡོད་པས་མཛོད་དགེ་ཉིན་མ་ཞེས་ཐོགས།དེང་སང་མཛོད་དགེ་ཚོ་ཆེན་གསུམ་ལས་མཛོད་དགེ་ཉིན་མ་ནི་ས་རྒྱ་ཆུང་ཞིང་མི་འབོར་ཉུང་བའི་སྡེ་ཚོ་རེད།

发表评论 评论 (5 个评论)

回复 扎西多杰3319 2015-11-25 19:52
ཡག་གི
回复 扎西多杰3319 2015-11-25 19:52
ཡག་གི
回复 丹正嘉的blog 2015-11-27 10:46
  
回复 2641006267 2015-11-27 21:42
  
回复 黑颈鹤 2015-12-26 12:10
若尔盖,左盖,卓格,

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-5-25 23:04 , Processed in 0.056707 second(s), 21 queries .

返回顶部