爱在路上 http://blog.tibetcul.com/?103073 [收藏] [复制] [分享] [RSS] བསམ་བློ་ཡག་ས་ནས་གཏོང་བ། གྲ་སྒྲིག་སྡུག་ས་ནས་བྱེད་པ།Think for the best, prepare for wors ...

日志

谷川俊太郎詩两首(藏文版) 本人译作

热度 1已有 467 次阅读2015-11-26 20:50 |系统分类:文学| 文巴加

                                   ཁུ་སིམ་པོ།(ཞར་བཀོད་གཅིག་ཡོད)
                                                       ཐ་ནེ་ཁ་བ་ཤོན་ཐ་རོ། 

W020130927379253536563.jpg


ཕན་ཚུན་མཛའ་ཞིང་སྙིང་ཉེ་བའི་མི་དེ་གཉིས། 
ཁ་རོག་གེར་འཐམས་ནས་བསྡད།
བརྩེ་དུངས་ནི་ནམ་ཡང་བརྩེ་བའི་སྐད་ཆ་དེ་དག་ལས།
ཆུང་ཡོད་ཀྱང་སྲིད་ལ། 
ཡང་ན་ཆེ་སྲིད་ངེས་པས། 
ཕན་ཚུན་མཛའ་ཞིང་སྙིང་ཉེ་བའི་མི་དེ་གཉིས།
ཞེ་བསམ་པའི་གཏིང་ནས་འདྲིས་ཏེ།
ཕན་ཚུན་དགའ་བའི་ཕྱིར་དུ། 
ཁུ་སིམ་མེར་འཐམ་ནས་བསྡད།
ཁུ་སིམ་པོར་བསྡད་ཚེ། 
སྔོ་བསངས་ནམ་མཁའ་གྲོགས་སུ་སྦྲན་ཆོག
རྡོ་བ་ཆུང་ཆུང་ཡང་གྲོགས་སུ་བསྡེབ་ཆོག
རྐང་པ་རྗེན་པའི་ཞབས་སུ་འབྱར་བའི།
ཁང་བའི་ནང་གི་ས་རྡུལ་དེས།
རས་གདན་བཙོག་པས་བསླད།

སྨག་རུམ་གྱིས་ག་ལེར།
ཐམས་ཅད་ཀྱི་མིང་མེད་པར་བཏང་ནས་བུད་སོང་།
ནམ་མཁར་མིང་མེད།
ཁང་བར་མིང་མེད།
འཇིག་རྟེན་ལ་མིང་མེད།
ཙོག་གེར་བསྡད་པའི་མི་གཉིས་ལ་མིང་མེད།
ཡོད་ཚད་ནི་མིང་མེད་དུ་གནས་པའི་ཕུ་ནུ་ཡིན།
ཡིན་ཡང་ལྷ་གཅིག་པུར།
ཆེས་ཐོག་མའི་མིང་ལྗིད་པོ་དེ་ཡོད་པས།
ཤག་སྒྲ་དང་བཅས།
རྩངས་པ་ནང་བཞིན།
མི་གཉིས་ཀྱི་དཀྱིལ་ལ་ལྷུང་འགྲོ །

 

             འཇིག་རྟེན་གྱི་ཁ་དན།

མཆི་མའི་གཏིང་རིམ་ན་འཁྱོམ་པའི་འཛུམ་ཆུང་གང་དེ།
གདོད་མ་ནས་འཇིག་རྟེན་ལ་བཞག་པའི་ཁ་དན་ཡིན།

ད་ལྟ་གཅིག་པུ་རང་ཡིན་ཀྱང་མི་གཉིས་ཀྱི་ཁ་སང་ལས།
དང་ཐོག་འཕྲད་པའི་ཉིན་དེ་ལྟར། 
དེ་རིང་མཛེས་སྡུག་གིས་བལྟམ་ཡོང་།

ཕྱིར་དྲན་གྱི་ཁུག་སོ་རུ་ཁྱེད་རང་མཐོང་རྒྱུ་མི་འདུག
ཁྱེད་ནི་རླུང་བསེར་བུར་སྤྲུལ་ཏེ་གདོང་པར་རེག་བཞིན་བསླེབ་ཡོང་།

ཉི་འོད་ནགས་གསེབ་ནས་ཟགས་པའི་ཕྱི་དྲོ་དེར་ཁ་བྲལ་རྗེས་སུའང་།
གཏན་ནས་རྫོགས་རྒྱུ་མེད་པའི་འཇིག་རྟེན་གྱི་ཁ་དན་དེ་བཞག་ཡོད།

ད་ལྟ་མི་གཅིག་པུ་ཡིན་ཀྱང་སང་ཉིན་ལ་འཛད་མཐའ་མེད།
ཁྱེད་ཀྱིས་བཤད་པའི་མཚན་མོའི་ཁྲོད་ཞི་འཇམ་ཡིབ་ཡོད་འདུག

ཕྱིར་དྲན་གྱི་ཁུག་སོ་རུ་ཁྱེད་རང་མཐོང་རྒྱུ་མི་འདུག 
གྲོག་ཆུའི་གཞས་ཆུང་གི་སྒྲ་དང་ནམ་མཁའི་མདངས།
མེ་ཏོག་གི་དྲི་ངད་ཁྲོད་དུ་ཁྱེད་རང་ནམ་ཡང་འཚོ་ཞིང་གཞེས་ཡོད།

                                                བུམ་པ་རྒྱལ་གྱིས་ཉི་ཡིག་ནས་བསྒྱུར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)




发表评论 评论 (1 个评论)

回复 扎西多杰3319 2015-11-27 09:20
ཡག་གི   ཡིན་ཡང་སྐད་ཡིག་བྲིས་པ་འདོད་ན་མཚོ་སྔོན་པོ་སྐད་ཡིག་ཟིན་བྲིས་ནས་དཔའ་ཉམས་མངོན་རྒྱུ་་ན་ཡག་གི་བསམ་བྱུང་།    བཏང་སྙོམས་ནས།

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-7-7 10:33 , Processed in 0.047105 second(s), 21 queries .

返回顶部