爱在路上 http://blog.tibetcul.com/?103073 [收藏] [复制] [分享] [RSS] བསམ་བློ་ཡག་ས་ནས་གཏོང་བ། གྲ་སྒྲིག་སྡུག་ས་ནས་བྱེད་པ།Think for the best, prepare for wors ...

日志

我也想变成一朵花(随笔)

热度 2已有 736 次阅读2013-10-16 16:11 |系统分类:文学| 文学


ང་ནི་ཁྱེད་ཀྱི་སྔས་འགྲམ་ན་བཞད་པའི་མེ་ཏོག་རྐང་གཅིག་ཡིན་ཚེ།

                             ཁྱེད་རང་ད་དུང་གཉིད་དུ་ཡུར་སྲིད་དམ།

 

མདང་དགོང་གི་རྨི་ལམ་ཐན་ཐུན་དེས

ང་ནི་ཁྱེད་ཀྱི་མལ་ཁྲིའི་འགྲམ་གྱི་བུམ་པ་དེ་ཡིན་པ་དྲན་པ་སོས་སུ་བཅུག

བུམ་པ་དེའི་ནང་དུ་འགྱིག་གི་མེ་ཏོག་ཚོམ་བུ་ཞིག་བླུགས

མེ་ཏོག་དེ་དག་ལ་ལང་ཚོ་ཡི་གསོན་ཤུགས་མེད་ནའང

ཁྱེད་ཀྱིས་ཡ་ཐོད་ཀྱི་མིག་ལྟར་གཅེས་བཞིན་འདུག

མེ་ཏོག་དེ་དག་ལ་དྲི་ངད་མི་ལྡང་ནའང

ཁྱེད་ཀྱིས་སྤོས་ཆུའི་དྲི་མ་བྱུགས་བཞིན་འདུག

 

ཁྱེད་ཀྱིས་རང་ཉིད་ཀྱི་ལུས་ལ་འཁྲུས་བྱེད་སྐབས

ཚོང་ར་ནས་སྒོར་རྡོག་འགའ་ཡིས་ཉོས་བའི་མེ་ཏོག་དེ

ཁྲུས་གཞོང་དུ་སྟོར་བཞིན་འདུག

འཁྲུས་གཞོང་ནང་དུ་གཅེར་བུར་བསྡད་པའི་ཁྱེད་ཀྱིས

མཁྲང་ཟླུམ་གྱི་ནུ་འབུར་དེ་གཉིས་ལ

ཆུ་ཡིས་སྦངས་བའི་མེ་ཏོག་གི་འདབ་མ་དེས་འཁྲུད་བཞིན་འདུག

 

ཕྱི་རོལ་ལ་འཆམ་འཆམ་དུ་འགྲོ་དུས

མེ་ཏོག་གི་གླིང་ག་ཞིག་ཁྱེད་ཀྱི་མིག་ལམ་ལ་རྒྱུ་སོང

ཁྱེད་ཀྱི་སྣ་བ་ཤར་མར་དེ་ཡི་ཕྱོགས་ལ་གཏད་འགྲོ

 

སང་ཉིན་རྨི་ལམ་ཞིག་རྨི་བའི་རེ་བ་བྱེད་ཀྱིན་ཡོད

རང་ཉིད་བུམ་པ་ཡིན་པ་དེ་གཏིང་བརྗེད་དུ་སོང་ན་བསམ

བུམ་པའི་ནང་དུ་མེ་ཏོག་ཁྲ་ཆིལ་ལེར་ཡོད་ནའང

ཁྱེད་རང་མེ་ཏོག་དེ་དག་ལ་དགའ་བ་ལས

བུམ་པའི་དགེ་མཚན་དེ་རྟོགས་ཀྱིན་མི་འདུག

དེ་བས་ང་ཡང་དྲི་ངད་ཞིམ་པོ་ལྡང་བའི་མེ་ཏོག་ཞིག་ཡིན་ན་བསམ

 

གལ་ཏེ་ང་ནི་ཁྱེད་ནི་སྔས་འགྲམ་ན་བཞད་པའི་མེ་ཏོག་རྐང་གཅིག་ཡིན་ཚེ

ཁྱེད་རང་ད་དུང་གཉིད་དུ་ཡུར་སྲིད་དམ

发表评论 评论 (5 个评论)

回复 JampelTselo 2013-10-16 22:19
མི་སྲིད་ནའང་ཐང་མོད
回复 Dalkar 2013-10-16 22:41
ཧ་ཅང་སྙན་མོ་འདུག།།།      དགའ་བསུ་འོ།།།།།
回复 爱在路上 2013-10-17 13:39
Dalkar: ཧ་ཅང་སྙན་མོ་འདུག།།།      དགའ་བསུ་འོ།།།།།
མུ་མཐུད་དུ་འབྲི་ངེས། བཀའ་དྲིན་ཆེ།
回复 爱在路上 2013-10-17 13:40
JampelTselo: མི་སྲིད་ནའང་ཐང་མོད
མ་སྲིད་ན་འགྲིག་འདུག  ཧ་ཧ
回复 Dalkar 2013-10-17 17:19
爱在路上: མུ་མཐུད་དུ་འབྲི་ངེས། བཀའ་དྲིན་ཆེ།
  

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-7-10 19:47 , Processed in 0.042669 second(s), 21 queries .

返回顶部