爱在路上 http://blog.tibetcul.com/?103073 [收藏] [复制] [分享] [RSS] བསམ་བློ་ཡག་ས་ནས་གཏོང་བ། གྲ་སྒྲིག་སྡུག་ས་ནས་བྱེད་པ།Think for the best, prepare for wors ...

日志

ཆར་བ་འབབ་ཞོད་ཆེ་བའི་མཚན་མོ། ...

已有 1920 次阅读2013-9-16 20:19 |系统分类:文学| 文巴加, 随笔

                ཆར་བ་འབབ་ཞོད་ཆེ་བའི་མཚན་མོ།

                            ༼བུམ་པ་རྒྱལ༽

     

མདང་ནུབ  ཁེར་རྐྱང་གི་གདུང་བས་གཟིར་བའི་སེམས་པ་ཕྲ་མོ་འདི

རྒུན་ཆང་གི་མངར་ཁས་བྱབས་ཁྲུས་ལན་ཅིག་རྒྱབ

རྒུན་ཆང  བུད་མེད  སྙན་ངག་གསུམ་ནི

ཕོ་རབ་ཅིག་གདུང་བའི་འཇིངས་སུ་འཐིམས་དུས

བསིལ་རླུང་འཇམ་པོ་ཞིག་ལ་འཁྱུད་པའི་

སྤོས་ཆུའི་དྲི་ངད་དེར་འཁྲུལ་ཆོག


སེམས་ཀྱི་ནམ་མཁར་འཁྲིགས་པའི

ཞེད་སྣང  འཚེར་སྣང  སྐྲག་སྣང

མི་སྡུག་པའི་སྤྲིན་པ་འདི་དག

རེ་རེ་བཞིན་གད་སྙིགས་སུ་དོར

 

རྒུན་ཆང་དེ་མདང་ནུབ་ཀྱི་ཆར་བའི་སྲོལ་ལྟར

གློག་ཞུའི་འོད་ཀྱི་ཁུད་དུ་ཟེར་མ་ཁྲི་འབུམ་དུ་གྱེས་འགྲོ

ཡ་ཆུང་ན་ཐང་མར་བརྡལ་བའི་སུན་སྣང་གི་རྨ་ཁ་དེ་དག

གཤེར་ཁུ་རུ་གྱུར་ནས་མིག་ཟུང་ལ་འཁྱིལ་ཡོང

རྒྱང་ཐག་རིང་བའི་བུ་མོ་ཞིག་གིས

ཁ་པར་ལས་གཞས་ཤིག་བཏང་སོང

གཞས་དེ་མིག་མཐའ་ན་འཛུམ་པའི་མཚན་མོ་དེར་འཁྲུལ


ཆར་བ་ཟམ་ཟིམ་འབབ་དུས་སུ།

ཁུ་སིམ་སིམ་གྱི་མཚན་ལ།

ང་ཡི་སྙིང་སྡུག་ཁྱེད་རང་དྲན།

~~~~~#”

 

ཆར་བའི་འབབ་ཞོད་ཆེ་རུ་གྱུར 

ངས་ཧྥ་རན་སིའི་ལོ་མང་བསྙལ་བའི་

རྒུན་ཆང་དམར་པོ་ཞིག་མཛུབ་རྩེར་དྲངས་ཏེ

ཟླ་འོད་ཀྱི་བསིལ་བ་འཇམ་པོའི

ཞི་བདེ་རྒྱ་མཚོའི་མཁའ་དབྱིངས་དང་

ཧི་མ་ལ་ཡའི་རི་ཡི་སྤོ་རུ་གཏོར་འདོད           

དྲན་གདུང་གིས་གཟིར་བའི་བུ་མོ་ཞིག་གི

རུམ་ཁ་སྙེག་པའི་སྙན་ངག་ཅིག་ཀྱང་འབྲི་འདོད་སྐྱེས་སོང

                    ༢༠༡༣ལོའི་ཟླ༩ཚེས༡༦ཉིན་བྲིས།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-7-10 15:03 , Processed in 0.046578 second(s), 20 queries .

返回顶部