爱在路上 http://blog.tibetcul.com/?103073 [收藏] [复制] [分享] [RSS] བསམ་བློ་ཡག་ས་ནས་གཏོང་བ། གྲ་སྒྲིག་སྡུག་ས་ནས་བྱེད་པ།Think for the best, prepare for wors ...

日志

致姐姐失去的青春(藏文)

热度 2已有 1712 次阅读2013-9-14 19:10 |系统分类:文学| 藏文, 文巴加


ཨ་ཅེའི་ལང་ཚོ་བུད་ཤིང་ནང་བཞིན་མེ་ལ་འཚིག་སོང་།

                              ༼བུམ་པ་རྒྱལ།༽


ཨ་ཅེ་ལག

ཁྱེད་ཀྱིས་སྨིག་རྒྱུ་གཡོ་བའི་ཁང་མིག་རབ་རིབ་དེ་རུ

སྐྱིད་ཀྱི་འོད་སྣང་ཕྲ་མོ་ཙམ་གཙུབ་ཆེད

དུ་ཁུང་དུད་དྲེག་གིས་ཁེབས་པའི་ལྕགས་ཐབ་ཞིག་གི་ནང་དུ

སྐྱིད་སྣང་དང་ལང་ཚོ་ཡོད་ཚད་ཀྱིས་མེ་ཁ་གསོས

 

ཉིན་ཞིག་ཁྱེད་ཚང་གི་ཁང་བའི་ཡར་སྒྱིད་དུ་སྐྱིལ་ཀྲུང་བཅས་པའི་

ཁྱིམ་བདག་དེ་སྒྱིད་ལུག་གི་དབང་དུ་གྱུར་ཏེ

ཀ་བའི་རྩ་རུ་གཅིན་པ་ཤག་སེ་བཏ

ཕྱི་ཉིན་ཁྱེད་ཚང་གི་ནང་སྒོ་རླུང་གིས་ཕྱེས་སྟེ

རེའུ་དེས་རྩིག་ལྡེབས་སུ་བཀལ་བའི་ཐང་ཀ་དེའི་སྣེ་མོ་འཆས

དེའི་ཕྱི་ཉིན་ཁྱེད་ཚང་གི་བུ་མོ་པྲ་ཚགས་མ་དེ

ལྕགས་ཐབ་ལ་ཐོགས་ནས་དེ་ཐང་ལ་སྒྱེལ

 

ཁང་མིག་དེའི་ནམ་མཁའ་རུ་དུ་སྤྲིན་གྱི་འདུ་འགོད་འཁྲིགས

ཁྱིམ་བདག་དེས་ཀྱང་གཅིན་པ་གཏང་རྒྱུ་བརྗེད་སོང

དུས་ཚིགས་ཀྱི་ཁ་དོག་ཟད་དེ་མེ་ཏོག་དེ་རྙིད་ནས་འགྲོ

བུ་མོ་དེའི་སེམས་ལའང་མིག་གཉིས་ཐོགས

རྩྭ་ཐང་དེ་མེ་ལ་ཤོར་ནས་ལུག་ཆུང་གི་རྨི་ལམ་བསྲེག

རེའུ་དེ་ཆེན་པོར་ཆགས་ནས་ར་ཁྱུ་ལ་འདྲེས

ཡིན་ནའང་  ཕྱིར་དྲན་གྱི་ཀློང་ན་བྱིང་བའི་ཁྱེད་ཀྱིས

ད་རུང་སུ་ཞིག་གི་ཆེད་དུ་འབར་ཞུན་སྒྲོན་འདོད་སྐབས

ཁྱེད་ཀྱི་ལང་ཚོ་དང་སྐྱིད་སྣང་དེ་

མཁའ་མཐའི་སྤྲིན་པ་དེའི་འོག་གི་ཉི་འོད་གཉོམ་པོ་ནང་བཞིན

རིམ་བཞིན་མག་མོག་ཏུ་གྱུར                      

རིམ་བཞིན་མི་སྣང་བར་གྱུར

                      ༢༠༡༣ལོའི་ཟླ་༩བའི་ཚེས༡༣མཚན་མོ།


发表评论 评论 (4 个评论)

回复 容鼎赐仁 2013-9-17 17:40
  
回复 爱在路上 2013-9-17 18:18
容鼎赐仁:   
  
回复 LHATAG 2013-10-14 10:14
ཡུན་རིང་ཞིག་ལ་ཁྱོད་ཀྱིས་བསྐུར་ཡོང་བའི་དྲ་ཚིགས་འདིར་གཟིགས་ཁོམ་མ་བྱུང་བས།  དེ་རིང་གློ་བུར་དུ་ཡིད་ལ་འཆར་བས།  ཀློག་པ་ན།  ངོ་མའི་ཡག་པོ་འདུག   
ཁྱོད་ལ་དུས་ནམ་ཡང་རྒྱབ་སྐྱོར་བྱེད།
回复 爱在路上 2013-10-16 14:37
LHATAG: ཡུན་རིང་ཞིག་ལ་ཁྱོད་ཀྱིས་བསྐུར་ཡོང་བའི་དྲ་ཚིགས་འདིར་གཟིགས་ཁོམ་མ་བྱུང་བས།  དེ་ ...
བཀའ་དྲིན་ཆེའོ།  ཁྱེད་ཀྱི་རྒྱབ་སྐྱོར་ང་ཡི་སྒུལ་ཤུགས་ཡིན།

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-6 05:32 , Processed in 0.052271 second(s), 21 queries .

返回顶部