爱在路上 http://blog.tibetcul.com/?103073 [收藏] [复制] [分享] [RSS] བསམ་བློ་ཡག་ས་ནས་གཏོང་བ། གྲ་སྒྲིག་སྡུག་ས་ནས་བྱེད་པ།Think for the best, prepare for wors ...

日志

秋日落叶 (藏文诗歌)

热度 1已有 2009 次阅读2013-9-13 18:41 |系统分类:文学| 文巴加

                                          སྟོན་ལོ་སེར་པོ།

                                            ༼ བུམ་པ་རྒྱལ།༽

                     

   


      ཡོད་ཚད་སེར་པོར་འགྱུར་ལ་ཉེ་བའི་དུས་ཚིགས་འདིར

       ཆུང་དུས་སུ་དཔེ་ཆའི་ལྟེབ་གཉེར་གྱི་བར་ན

       མིག་གི་མགྲོན་ལ་སླེབས་མྱོང་མེད་པའི་བྱ་ཁྱུ་སྟེ

       ཁྲུང་ཁྲུང་དག་གྲལ་སྟར་སྒྲིག་སྟེ་ལྷོ་ལ་འཕུར་བ་དེ་དྲན་སོང

      

       ཡོད་ཚད་སེར་པོར་འགྱུར་ལ་ཉེ་བའི་དུས་ཚིགས་འདིར

       ལོ་དུ་མའི་ཡར་སྔོན་གྱི་ད་ལྟ

       ཕ་ལོས་སེར་སྣ་ཅི་ཡང་མེད་པར

       གཡང་ར་སྒོ་བཞིའི་ཚེ་སྲོག་གཉོམ་པོ་དེ་དག

       ཤོག་སྒོར་བརྩེགས་མ་ཞིག་ལ་བརྗེ་པོ་རྒྱབ་སྟེ

      དེས་ངའི་འབྱུང་འགྱུར་ལ་རེ་བའི་མེ་ཁ་གསོས་པ་དེ་དྲན་སོང

   

       ཡོད་ཚད་སེར་པོར་འགྱུར་ལ་ཉེ་བའི་དུས་ཚིགས་འདིར

       ལོ་དུ་མའི་ཡར་སྔོན་གྱི་ད་ལྟ

       མ་ལོས་སྡིགས་སྨྲེ་ཅི་ཡང་མི་འདོན་པར

       རང་གི་གདོང་ནས་འགྲིལ་བའི་རྔུལ་ཆུ་དང

       ཞིང་གི་རྣང་མའི་བར་གྱི་སྙེ་མ་ཆག་རོ་དག

       སླེ་བོ་ཟད་པོ་ཞིག་གི་ནང་དུ་འཇུག་བཞིན་པ་དེ་དྲན་སོང

 

     ཡོད་ཚད་སེར་པོར་འགྱུར་བཞིན་པའི་ད་ལྟ

     ང་རང་ལུང་པ་ཁ་བྱང་ལྟའི་ནང་གི་ནགས་ཀྱི་རི་བོ་དེ་རུ

     ཕ་ལོའི་རེ་བའི་ཉི་ཟེར་གྱི་རྡུལ་ཆགས་ཤིང

     མ་ལོའི་རྔུལ་ཆུས་བརླན་པའི་ལོ་མ་སེར་པོ་ཞིག་ཡིན

     ང་ནི་དཔེ་ཆའི་བར་གྱི་ཁྱུང་ཁྲུང་དེ་དག་དང་འདྲ་བར

     རྨི་ལམ་གྱི་སྟོན་ལྗོངས་ཤིག་ལ་འཕུར་ཏེ

     རི་མགོའི་དར་ལྕོག་ནང་བཞིན

     རླུང་གི་ཁ་ཕྱོགས་དེ་དར་ཅིག་ལ་འཁྲུགས་སུ་འཇུག་འདོད

                                            2013-09-13ཞིབ་འཇུག་ཁང་དུ་བྲིས། 


发表评论 评论 (2 个评论)

回复 甩掉郁闷 2013-9-16 17:40
སྙན་ངག་བྲིས་པ་ལེགས་པོ་འདུག  ནང་སྒོས་སུ་ཕ་མའི་དྲིན་དྲན་པ་དེ་ནི་སེམས་འགུག་ཐེབས་པ་ཞིག་རེད།
回复 爱在路上 2013-9-17 18:21
甩掉郁闷: སྙན་ངག་བྲིས་པ་ལེགས་པོ་འདུག  ནང་སྒོས་སུ་ཕ་མའི་དྲིན་དྲན་པ་དེ་ནི་སེམས་འགུག་ཐེབས ...
ཡ་ཡ། ཁྱེད་རང་འདི་རུ་སླེབས་པར་བཀའ་དྲིན་ཆེའོ།

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-5 15:25 , Processed in 0.058477 second(s), 21 queries .

返回顶部